| e-texts navigator |
| Wylie |
258b1 ལ་ནི། མཆོག་གང་བསམ།། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།། དེ་ཉིད་གསུམ་གསུང་ཡང་དག་འབྱུང་།། སྔགས་ཀྱི་དེ་ཉིད་དོན་གཉེར་བའི།། བསྒྲུབ་པ་པོས་ནི་དང
258b2 པ་བརྟེན།། སྣ་ཚོགས་ལུང་གི་ཡང་དག་རྟོག། སྔགས་ནི་དགོན་པ་ཆེན་པོར་འདོད།། དེའི་དཔག་བསམ་ཤིང་ལོངས་སྤྱོད།། ས་ཕྱོག་ཞེས་ནི་ཡོངསུ་བསྒྲགས།། མཁའ
258b3 དང་མཉམ་པའི་སྦྱོར་བ་ནི།། རྣམ་པར་དབེན་པ་ཆེན་པོར་བཤད།། རི་བོ་རྫོགས་སངས་རྒྱས་དང་།། དེ་རིགས་དངོས་མེད་ལས་བྱུང་བའོ།། དེ་འདྲའི་དབེན་པས་མཚོན་པ
258b4 རུ།། དེར་ནི་འདོད་ཆེན་རྣམ་གནས་སྟེ།། གནས་མེད་གནས་པའི་སྦྱོར་བ་ཡི།། རྟག་ཏུ་དངོས་གྲུབ་ཐོབ་པར་འགྱུར།། བཅོམ་ལྡན་རྡོ་རྗེ་བསྒྲུབ་པ་ནི།། ཆེན་པོས་དེ་སྐད
258b5 བཀའ་བཙལ་ཏོ།། དགོན་པའི་ས་ཕྱོགས་ཙང་མ་སོགས།། འཇིག་རྟེན་པ་ཡང་སྨྲ་བ་གསལ།། བསྙེན་པ་སྐུ་ཡི་བརྟུལ་ཞུགས་མཆོག།། བློ་དང་ལྡན་པའི་རྡོ་རྗེ
258b6 བཞིས།། རྡོ་རྗེ་གསུམ་གཉིས་མེད་སྦྱོར་བས།། སྒོམས་ན་དངོས་གྲུབ་འཐོབ་པར་འགྱུར། མེ་ལོང་ཞེས་བྱ་དགོན་པ་ཆེ།། རིན་ཆེན་ཞེས་བྱ་དབེན་པའོ།། ཆེན་པོ་ཞེས
258b7 བྱ་འོད་དཔག་མེད།། དོན་ཡོད་པ་ནི་རི་བོར་ཡིན།། ཆུ་ངོས་དག་པའི་ཆོས་ཀྱི་ཆ།། གནས་ལྔ་དག་ཏུ་རབ་དུ་བརྟགས།། ཇི་སྲིད་དོན་ནི་སྦྱོར་བ་བཞིས།། ཡི་གེ་ཨོཾ་ནི་བསྔོ
258b8 པར་འགྱུར།། ཇི་ལྟར་ན་མཁའ་མཚན་ཉིད་གཅིག། རང་གི་མཚན་ཉིད་དོར་མི་བྱེད།། དེ་བཞིན་དེ་ཉིད་གསུམ་བཞི་ཕྱེད།། ཡི་གེ་ཨོཾ་ཅིག་བསྡོམ་པའོ།། གནས་མེད་གནས་པ་ཞེས