| e-texts navigator |
| Wylie |
258a1 དགོང་སའཇིག་རྟེན་ཁམས་རྣམས་ཀུན་ཏུ་སྤྱོད།། ཡིད་སྟོན་བདེ་གཅིག་བསྙེན་པ་སྟེ། དེ་ཉིད་གསུམ་མཉམ་གཉིས་མེད་པ།། བརྟེན་ཏེ་དམ་ཚིག་གཅིག
258a2 གྱུར་པ། ཡེ་ཤེས་ཉེ་བར་བསྒྲུབ་པའོ།། ཡིད་སྟོན་མཉམ་པའི་སྦྱོར་བ་ལས།། བསྒྲུབ་པ་ཡི་ནི་དམ་ཚིག་འགྱུར།། འབྲས་བུ་མངོན་སུམ་བྱས་སྦྱོར་བ།། བསྒྲུབ་པ་ཆེན
258a3 པོ་བཞི་པའོ།། རྐྱེན་དང་ཉན་ཐོས་མདོ་སྡེ་པ།། འདི་དག་ལྡན་པ་རབ་དུ་བསྔགས།། སེམས་དང་དམིགས་དང་འདི་སྦྱོར་བ།། སྐ་གཅིག་གིས་ཀྱང་དེས་འགྲུབ་འགྱུར།།
258a4 བསྙེན་པའི་དམ་ཚིག་སྦྱོར་གཅིག་དང་།། ཉེ་བར་བསྒྲུབ་པར་གང་གྱུར་པ།། བསྒྲུབ་པའི་དམ་ཚིག་ཉིད་དང་ནི།། བསྒྲུབ་པ་ཆེན་པོ་ཞི་བ་ཡིན།། འདི་ལས་ཡང་དག་འཇུག་གྱུར
258a5 པ།། ཇི་ལྟ་ཇི་ལྟར་འཇིག་རྟེན་ཚེགས།། ས་དང་ཤིང་གི་རིན་ཆེན་སོགས།། ལྷ་ཉིད་དུ་ནི་རབ་ཏུ་བརྟག། ཆོས་ཀྱི་དབྱེ་བས་ཤེས་པར་བྱ།། རྡོ་རྗེ་ཡེ་ཤེས་བསྒྲུབ་པ་པོ།།
258a6 བསྙེན་པའི་དམ་ཚིག་ཡང་དག་སྦྱོར།། བྱང་ཆུབ་མཆོག་ནི་རྣམས་པར་བསྒོམ།། གཟུག་དང་སྒྲ་དང་དེ་བཞིན་དྲི་རོ་དང་།། རེག་བྱ་ཆོས་རྣཾས་ལ།། དངོས་གྲུབ་མཆོག་ནི་རྣམ
258a7 སྤྱད་པ།། དེ་ནི་ཉེ་བར་བསྒྲུབ་པར་འགྱུར།། སྔགས་བདག་གང་ཡིན་བསྒོམ་ནས་ནི།། བསྐུལ་བ་བསྒྲུབ་པར་འགྱུར་བ་ཡིན།། རང་སྔགས་རྡོ་རྗེ་ཅན་གྱི་གཟུགས།།
258a8 དེ་ནི་བསྒྲུབ་པ་ཆེན་པོར་འདོད།། གཉེན་པོ་རྡོ་རྗེ་བདུད་རྩི་བདག། སྔགས་པས་ཀུན་དུ་བརྟགས་པར་བྱ།། དངོས་གྲུབ་འདོད་པས་སྔགས་པས་ནི།། དབུ་རྒྱན