e-texts navigator
Collection
Volume
Page
Wylie

257b1 འགྲུབ་འགྱུར།། བསྟན་པས་འདི་ནི་བསྒྲུབ་པ་ནི།། སྔགས་ཀྱི་རྣལ་འབྱོར་རྣལ་འབྱོར་པ།། རྡོ་རྗེ་སྦྱོར་བའི་གསང་བ་ཡིས།། བསྒྲུབ་པ་འདི་དང་ལྡན་པར་འགྱུར།། འདི་ནི་སངས
257b2 རྒྱས་བྱིན་བརླབ་ཅིང་།། རྣམ་ཀུན་རྡོ་རྗེ་ཅན་གསུམ་དང་།། སྙིང་ཁར་ཡེ་ཤེས་དམ་ཚིག་དང་།། དབུ་བརྒྱན་ལ་ནི་རྡོ་རྗེ་འཛིན།། སངས་རྒྱས་ཐམས་ཅད་དམ་ཚིག་འགྱུར་བ།།
257b3 འདི་ནི་དམ་ཚིག་སྡོམ་པའོ།། དངོས་གྲུབ་ཐམས་ཅད་སྟེར་བའི་མཆོག། དམ་ཚིག་མཆོག་འདིས་རབ་དུ་བྱ།། དམ་མིག་ཀུན་གྱི་དམ་པ་སྟེ།། རྡོ་རྗེ་ཟས་ཀྱི་ཏིང་འཛིན་ཏོ།། དེ་ནས།
257b4 འགྲོ་ལ་ཕན་པའི་མགོན།། གཙོ་བོ་རྣམ་སྣང་ཆེན་པོ་ལ།། གསང་བའི་དགོངས་པ་དམ་པ་ནི།། རྡོ་རྗེ་འཛིན་པས་སླར་ཡང་ཞུས།། གང་ཞིགི་སྤྱི་བོར་བརྟགས་པ་ཡིན།།
257b5 གཅིག་པུ་ཉིད་དུ་འགྱུར་བ་དེས།། རི་རབ་སུམ་བཅུ་རྩ་དྲུག་ཏུ།། མུ་སྟེགས་ཀྱིས་འཚལ་མི་འགྱུར།། རང་གི་བསྟན་བཅོས་བརྡ་ཡིས་ནི།། ཕྱི་རོལ་པ་དེ་རྣམ་རྟོག་ལ།། ཏིང
257b6 འཛནི་རྟག་བྱ་འདི་དག་ཀྱང་།། འདི་ལྟར་རང་གི་ངོ་བོ་ཉིད།། ཚངས་སྒོ་མཛོད་ཀྱི་རྒྱུད་ལས་ནི།། རི་རབ་གཅིག་དང་བཅས་པས་བཤད།། བྱིས་པ་མཆོག་ནི་རྨོངས
257b7 བྱེད་པ།། གསུང་འདི་སྐྱེ་བོ་ལྟུང་བར་འགྱུར།། དེ་ནས་བཅོམ་ལྡན་པོ་ཡིས།། རྡོ་རྗེ་ཅན་ལ་སླར་གསུང་པ།། ལེགས་སོ་རྡོ་རྗེ་ལེགས་པ་ཆེ།། སྐྱེས་བུ་དམ་པ་ཁྱོད་ལེགས་པ་ཆེ།། རྐྱེན་དང་ཉན་ཐོས།
257b8 ལེགས་པ་དང་།། འདིར་ནིང་ཡིས་གསལ་བཤད་པ།། སངས་རྒྱས་ཀྱིས་བཤད་ཡེང་ཤེས་དག། ཐེག་པ་ཆེན་པོ་མི་མཐོང་ངོ་།། ཚད་ཡོད་པ་དང་ཡོངས་བཅད་པའོ།། རང་གི་ལུས་ལ




iiif viewer powered by OpenSeadragon

257a - 257'a

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud