| e-texts navigator |
| Wylie |
257a1 ཡང་དག་གསུངས།། གང་ཞིག་ཤེས་ནས་རྣལ་འབྱོར་པ།། མཉམ་བཞག་མཆོག་ནི་འཐོབ་འགྱུར་བའི།། གསང་དབང་དེ་ཉིད་དམ།
257a2 པ་ཡིན།། དེ་ནི་ང་ཡིས་ཡང་དག་བཤད།། རྣལ་འབྱོར་ཆེན་པོ་གཅིག་བདག་ཉིད།། ན་མཁའ་དང་ནི་མཉམ་པའི་གནས།། བྱས་ནས་དམ་ཚིག་ཡང་དག་པ།། ཤ་ཆེན་ལ་ནི་ཡང་དག
257a3 སྦྱར།། དངོས་པོ་མེད་པའི་ཤ་ཆེན་གྱི།། དམ་ཚིག་མཆོག་ལ་གནས་ནས་ནི།། ཐོ་ལྡན་བདག་ཉིད་བསྒོམ་པ་ནི།། རྡོ་རྗེ་དངོས་གྲུབ་ལོངས་སྤྱོད་གཏེར།། རྫོགས་ལོངས་སྤྱོད་ཡུལ
257a4 བཤད་པ་ན།། དེ་ཉིད་ཡེ་ཤེས་དབང་པོ་གཅིན།། དམ་ཚིག་འདི་དག་ཉིད་ཀྱིས་ནི།། རིག་པ་འཛིན་པའི་གཙོ་བོར་འགྱུར།། ལོངས་སྤྱོད་རྫོགས་ཕུང་ལས་བྱུང་བ།། གླང་པོའི་ཤར
257a5 ནི་དེ་རབ་བརྟག། དམ་ཚིག་གཅིག་ཏུ་ལེགས་སྦྱོར་ལས།། མངོན་ཤེས་ལྔ་དག་འཐོབ་པར་འགྱུར།། དབང་པོ་གཉིས་དེ་རྟ་ཤ་སྟེ། དངོས་མེད་དེ་ཉིད་ལས་སྦྱོར་ལས།། དམ་ཚིག་གཅིག་ཏུ་ལེགས
257a6 སྦྱོར་ན།། མི་སྣང་གནས་ཀྱི་མཆོག་ཏུ་འགྱུར།། ཕུང་སོགས་ཡན་ལག་གང་གྱུར་པ།། དངོས་མེད་དེ་ནི་ཁྱི་ཤ་ཡིན།། དམ་ཚིག་གཅིག་ཏུ་ཡང་དག་སྦྱོར།། དངོས་གྲུབ་ཐམས་ཅད་རབ་བསྒྲུབས
257a7 པའོ།། རྫོགས་སངས་རྒྱས་སྤྱན་པ་གླང་ཤ།། ཁྲོ་བོའི་རྒྱལ་པོ་བསྒྲུབ་པར་འགྱུར།། དམ་ཚིག་གཅིག་ཏུ་ཡང་དག་སྦྱོར།། རྡོ་རྗེ་དགུག་པའི་དམ་པའོ།། འདི་ནི་འཇིག་རྟེན་པར་གྱུར།
257a8 ལས།། དགོངས་པས་གཅིག་ཤོས་བཟློག་པ་ཡིན།། ཤ་ཆེན་དང་ནི་བཤད་ཅི་དང་།། གླང་པོ་རྟ་ཁྱི་བ་གླང་དག། མི་རྟོག་གཅིག་པུའི་བསྒྲུབ་པ་ཡིས།། དམ་ཚིག་གཅིག་ཏུ