e-texts navigator
Collection
Volume
Page
Wylie

256b1 ན།། དབུས་སུ་རང་གི་ལྷ་བསྒོམས་ན།། ཁར་བཅུག་ནས་ནི་རྣམ་བསམས་ན།། རྡོ་རྗེ་སེམས་དཔའ་འོད་པོ་ཆེར།། དཔལ་ལྡན་དེ་མ་ཐག་ཏུ་འགྱུར།། འཛམ་བུའི་ཆུ་བོའི་གསེར་མངོན
256b2 གམ།། ཉི་མ་འཆར་ཀིའི་འོད་འདྲ་བའི།། རྣམ་པར་སྣང་མཛད་མཁའ་དབྱིངས་ཀྱི།། དཀྱིལ་འཁོར་དབུས་སུ་རབ་བསྒོམས་ལ།། ལག་ཏུ་འཁོར་ལོ་རྣམ་བསྒོམ་ན།། འཁོར
256b3 ལོའི་རིག་པ་འཛིན་པར་འགྱུར།། རྡོ་རྗེ་སྐུ་མདོག་སྦྱོར་བ་ཡང་།། འདི་ནི་ཡེ་ཤེས་མཆོག་སྒྲུབ་པ།། འཁོར་ལོ་ཆེན་པོའི་རིགས་བསྒོམས་ན།། ཡེ་ཤེས་རྡོ་རྗེ་དག་གིས་བྱས།། ནམཐ
256b4 དབྱིངས་ཀྱི་དབུས་གནས་པར།། རྡོ་རྗེ་མི་ཕྱེད་རབ་བསྒོམས་ཏེ།། ལག་ཏུ་རྡོ་བསྒོམས་ན་ནི།། རྡོ་རྗེ་རིག་པ་འཛིན་པར་འགྱུར།། རྡོ་རྗེ་མཆོག་གི་བསྒྲུབ་པ་འདི།། རྡོ་རྗེ་སྐུ་ཡི་སྒྱུ
256b5 བ་ལས།། རྡོ་རྗེ་རིགས་ཀྱི་མཆོག་བསྒོམས་པ།། ཡེ་ཤེས་རྡོ་རྗེ་དག་གིས་བྱ།། ན་མཁའི་ཁམས་ཀྱི་དབུས་གནས་པར།། རིན་ཆེན་ལ་ནི་རིན་ཆེན་བསྒོམས།། དེ་ཉིད་ལག་ཏུ་ལེགས
256b6 བཞག་ན།། རིན་ཆེན་རིག་པ་འཛིན་པར་འགྱུར།། རིན་ཆེན་མཆོག་གི་རིག་སྒྲུབ་འདི།། རིན་ཆེན་སྐུ་ཡི་སྦྱོར་བ་ལས།། རིན་ཆེན་རིགས་ཀྱི་མཆོག་བསྒོམ་པ།། ཡེ་ཤེས་རྡོ་དག
256b7 གིས་བྱ།། ན་མཁའི་དབྱིངས་ཀྱི་དབུས་གནས་པར།། ཚེ་དཔག་མེད་པ་རབ་བསྒོམས་ལ།། ལག་ཏུ་པད་མ་བསྒོམ་ན་ནི།། པད་མིའི་རིག་པ་འཛིན་པར་འགྱུར།། པདྨ་མཆོག་གི་རིག་སྒྲུབ་འདི།
256b8 འདྲ་མའི་སྐུའི་སྦྱོར་བ་ལས།། པདྨའི་རིགས་ཆེན་བསྒོམ་པ་ནི།། ཡེ་ཤེས་རྡོ་རྗེ་དག་གིས་བྱ།། ན་མཁའི་དབྱིངས་ཀྱི་དབུས་པར།། དོན་ཡོད་མཆོག་ནི་རབ་བསྒོམས




iiif viewer powered by OpenSeadragon

256a - 256'a

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud