e-texts navigator
Collection
Volume
Page
Wylie

255b1 ཆེན་པོ་སུམ་བཅུ་བདུན།། ནམ་མཁའ་སྤྲོ་བ་བསམ་མི་ཁབ།། འཇམ་པའི་རྡོ་རྗེ་བདག་པོ་སྟེ།། འདི་དག་འཁོར་དུ་གྱུར་པ་ཡིན།། འཇིག་རྟེན་པའི་ངོ་བོ་རུ།། ཕྱི་ཡི་རི་རབ་བརྟག་པ་ཡིན།། དམ
255b2 ཚིག་རྡོ་རྗེ་ཞེས་བྱ་བའི།། འཁོར་ལོ་ཏིང་ངེ་འཛིན་ཅེས་བྱ།། འཁོར་ལོ་དངོས་གྲུབ་རྙེད་སླ་བ།། སྐ་གཅིག་སྦྱོར་བས་བསྒྲུབ་པའོ།། རྡོ་རྗེ་ཆེན་པོ་རང་སྔགས་ཀྱིས།། དཀྱིལ་འཁོར་དབུས་སུ་རབ
255b3 བསྒོམས་པ།། རྡོ་རྗེ་ཀུན་གྱིས་གནས་མཆོག་སྟེ།། ཐུགས་ཀྱི་རྡོ་རྗེ་འདྲ་བར་གྱིར།། རི་བར་སུམ་བཅུ་རྩ་དྲུག་གནས།། རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི།། དེ་སྙེད་བུད་མེད་དེ་ཡི་ནི།། སུམ་འགྱུར
255b4 གན་སུ་གྱུར་པ་ཡིན།། ཁམས་གསུམ་གྱི་ནི་རྡོ་རྗེ་ཆེ།། དྲུག་པོ་ཡིས་ནི་ཕྱག་བྱས་འགྱུར།། རྡོ་རྗེ་དམ་ཚིག་ཅེས་བྱས་པའི།། ཏིང་འཛིན་འདི་ནི་ཡང་དག་བ་དང་།། འདམ་ཆེན་པོ་འདབ་བརྒྱད
255b5 པ།། རང་སྔགས་རྡོ་རྗེ་ལས་བྱུང་བ།། ཆོས་རྣམ་ཀུན་གྱི་གནས་བསྒོམས་ན།། རྡོ་རྗེ་ཆོས་དང་འདྲ་བར་འགྱུར།། སུམ་བཅུ་རྩ་དྲུག་གནས་བྱོར་པའི།། རི་རབ་རྡུལ་ཕྲན་གྲངས་སྙེད་ཀྱི།། སདྨ
255b6 ས་རྒྱས་རྡོ་རྗེ་མཆོག་གི་ནི།། དཀྱིལ་འཁོར་ལ་འདག་བདག་ཉིད་འཇོག། གོས་མེད་མནམ་ཉིད་ཡེ་ཤེས་ཀྱི།། རྡོ་རྗེ་པད་མོ་གྲུབ་བཅས་སྦྱིན།། སོ་སོར་རྟོག་པ་ཞེས་བྱ་བའི།། ཏིང་ངེ་འཛིན
255b7 ཡང་དག་བཤད།། ཤིན་དུ་གྲངས་མེད། བསྐལ་པར་ནི།། གྲངས་ཀྱི་མིང་གིས་གནས་པར་ནི།། གནས་ཤིང་བསྒོམ་པར་བྱེད་པ་ཡིན།། དེ་ཡི་ཡེ་ཤེས་ལྔར་ལྡན་པའོ།། སངས་རྒྱས་ཀུན
255b8 གྱི་དགོངས་པ་ནི།། འཇིག་རྟེན་པ་ན་ཕྱིན་གསུངས་པ་རྣམས།། ཕྱོགས




iiif viewer powered by OpenSeadragon

255a - 256a

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud