e-texts navigator
Collection
Volume
Page
Wylie

255a1 དགོང་སུ#ལ་ཧ་ཅི་རིགས་གཅིག་པའི་ཡང་དག་རྟོགས།། སྣ་ཚོགས་རྡོ་རྗེ་འབར་གཅིག་རྩོལ།། དཔག་ཚད་བརྒྱའི་ཁྱོན་ཙཱམ་རུ།། འབར་བའི་རྡོ་རྗེ་སྣང་བ་ཡིས། ས
255a2 ལ་སོགས་པ་བརྒྱན་པ་ནི།། དེ་ནི་སྣང་བ་ཞེས་བཤད་དོ།། ཚངས་པ་དབང་པོ་ལ་སོགས་ལྷ།། དད་པས་དེ་ལ་ཕྱག་ཀྱང་བྱེད།། འདི་ནི་མི་སྣང་བྱེད་པ་སྟེ།། ཏིང་འཛིན་འཇམ་པའི
255a3 རྡོ་རྗེ་ཞིང།། རྣམ་པར་སྨིན་པ་རྟོག་གྱུར་ཅིང་།། ཇི་སྐད་གསུངས་པ་འགྲུབ་པར་འགྱུར།། ཕྱུང་པོ་ལ་སོགས་གྲངས་མཉམ་པར།། མི་བསྐྱོར་ལ་སོགས་རབ་ཏུ་བརྟག།། བཤད་ལྕི
255a4 སྦྱོངས་པ་དེར་འགྱུར་བ།། གང་ཞིག་དམ་ཚིག་ཅེས་བྱའོ།། དམ་ཚིག་ཅེས་བྱ་དེ་དག་མཆོག། མི་ཕྱིར་རྡོ་རྗེ་གསུམ་བྱུང་ལས།། དཀོན་མཆོག་གསུམ་ནི་མཉམ་བྱས་ཏེ།། བདག
255a5 མེད་པ་ཡང་བསྒོམ་པར་བྱ།། དཀོན་མཆོག་གསུམ་ནི་ལྗགས་གསུམ་ཡིན།། བདག་མེད་ཅེས་བྱ་མཁའ་ཡིན་ཏེ།། གང་འདི་རྣམ་རྟོག་གཅིག་པུ་ཉིད།། བཅུག་པའི
255a6 ཡིན་པར་འདོད།། སངས་རྒྱས་རྣམས་ཀྱི་མི་ཕྱེད་པའི།། བསྒོམ་པ་སེམས་ཀྱི་དམ་པའོ།། དེ་ལྟར་དེ་ཉིད་ཤེས་བསྒོམས་ན།། སྐྲ་གཅིག་གིས་འཇམ་རྡོ་རྗེར་འགྱུར།། འཁོར་ལོ་འོད་འགྲོ
255a7 མཚུངས་གྱུར་པ།། རང་གི་སྔགས་ཀྱིས་རྣམས་བསྒོམས་ནས།། སངས་རྒྱས་ཀུན་གྱིས་གནས་བསྒོམས་ན།། སངས་རྒྱས་འདྲ་བར་གྱུར་པར་བཤད།། སུམ་བཅུ་རྩ་དྲུག་གནས་སྦྱོར
255a8 པའི་རབ་རྡུལ་ཕྲན་རྣམས་ཀྱིས་གྲངས།། དེ་སྙེད་དེ་ཡི་རྗེས་འབྲངས་རྣམས།། དམཚིག་རྡོ་རྗེ་ཞེས་བྱའོ།། གནས་ནི་ལྷ་ཡི་སྦྱོར་བ་སྟེ།། སྣ་ནི་རི་རབ་ཅེས་བྱའོ།། བདག་འ




iiif viewer powered by OpenSeadragon

254b - 255b

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud