e-texts navigator
Collection
Volume
Page
Wylie

254b1 འགྲོ་བ་གསལ་བར་རྟོགས་བྱེད་པ།། འགྲོ་དོན་གཅིག་པའི་སྦྱོར་བ་ལས།། དེ་ཉིད་ཀྱིས་ནི་དེ་ཉིད་མཐོང་།། གང་ཞིག་རྣམ་པར་སྨིན་པའི་སེམས།། སེམས་ནི་དངོས་གྲུབ་ལ་གཞོག་པ།
254b2 རྫོགས་ལོངས་སྤྱོད་པའི་སྐྲ་སྦྱོར་ལས།། དངོས་པོ་མེད་པ་ཉིད་དུ་བྱུང་།། བདག་ཉིད་བསམ་གྱིས་མེ་ཁྱབ་གཟུགས།། ཀུན་རྫོབ་དོན་གྱི་གཉེན་པོར་བྱུང་།། སྤྲུལ་པོའི་ལུས་ལས
254b3 སྔགས་པས་ནི།། སྒྱུ་མ་བཞིན་དུ་སྟོན་པར་བྱེད།། གསང་བའི་དངོས་པོ་དེ་ཉིད་འདི།། འཇམ་དཔལ་ཡེ་ཤེས་དམ་པའོ།། རྡོ་རྗེ་གསུམ་གནས་སྦྱོར་བ་ཡིས།། སྒོམ་པའི་བདག་ཉིད་ཅན
254b4 གྱིས་བསྒོམ།། ན་མཁའ་རྟགས་པའི་རྣལ་འབྱོར་པ།། ཕུང་པོ་དགོན་པ་ཆེན་པོར་འདོད།། གནས་མེད་གནས་པ་སྦྱོར་བ་ཡིས།། དེ་བཞིན་ཉིད་གནས་ས་ཕྱོགས་ཡིན།། ལོངས་སྤྱོད
254b5 རྫོགས་པའི་དཔག་བཱམ་ཤིང་།། དངོས་གྲུབ་སྣ་ཚོགས་མེ་ཏོག་ལྡན།། སྤྲུལ་པའི་འབྲས་བུ་ཤིན་དུ་མཛེས།། ཡང་དག་རྫོགས་པའི་བྱང་ཆུབ་རི།། དངོས་མེད་དབེན་པ་ཉམས་དགའ་བ།།
254b6 རྡོ་རྗེ་ཞེས་བྱ་དེར་སྒྲུབ་བྱ།། ཕུང་སོགས་ཡན་ལག་ཐམས་ཅད་དེ།། སངས་རྒྱས་འབྱུང་བ་དངོས་གྲུབ་འགྱུར། སྔགས་འདོན་པར་ནི་བྱང་གྱུར་པ།། སྡུས་པ་སྔགས་ནི་གཅིག་ཏུ
254b7 པ།། ལུས་རྫོགས་རྡོ་རྗེ་གསུམ་ལ་ནི།། འཇམ་པའི་རྡོ་རྗེ་བསྒོམ་པར་བྱ།། ལུས་ལ་སོགས་པ་རྡོ་རྗེ་གསུམ།། དེ་ཉིད་གསུམ་ནས་འཕྲོ་བར་བྱ།། རྡོ་རྗེ་གསུམ་དང་ལེགས་སྦྱོར་ལ
254b8 འཇམ་པའི་རྡོ་རྗེ་འདྲ་བར་འགྱུར།། ན་མཁའ་མཐའ་ཡས་ཡང་དག་རྟོགས།། སེམས་སྦྱོར་བ་ནི་དཔག་ཚན་ཡིན།། ལྔ་བཅུ་གཉིད་གྱུར་གང་ཡིན་ལ། རྒྱ་པོ་བརྒྱབ་ནས་མངོན་ཕྱོ




iiif viewer powered by OpenSeadragon

254a - 255a

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud