e-texts navigator
Collection
Volume
Page
Wylie

254a1 དགོད་ལུས#པ་ཡང་ནི་ཡིད་བཟང་ལྡན།། མངའ་དང་རིགས་བྱེད་ཡོན་ཏན་དང་། ཁྲུང་དང་ཟླ་དཀྱིལ་རྣལ་འབྱོར་པ།། དབྱངས་ཀྱི་ཡི་གེ་གཞུག་པར་བྱ།། ཧ་ཡི་སྡེ་ཆེན་སྡེ་ད
254a2 བཅུ་གཉིས་ཕྱེད་ཕྱེད་དག་ཏུ་སྦྱར།། གཤིན་རྗེ་གཤེད་ཀྱི་གཟུགས་འདི་ནི།། ཉི་མའི་དཀྱིལ་འཁོར་དག་ལ་དགོད།། དེ་ནས་སྔགས་པ་མདུན་འདུག་སྟེ།། དགོངས་པའི་དོན་གྱིས་བརྟག་པ
254a3 བྱ།། ཕུང་པོ་ཁམས་ལ་སོགས་ལྟ་བ།། བརྡ་ལས་ཇི་ལྟར་ལུས་ཡིད་བཞིན།། མ་བྱིན་ལེན་པ་བྱང་ཆུབ་སེམས།། ཀུན་རྫོབ་སྟོན་ལ་བརྫུན་སྨྲ་བ།། ཕུང་པོ་སྲོག་ཆགས་གྱུར་པ་སྟེ།། ཚངས་པའི་གནས
254a4 བཞི་བུད་མེད་ཡིན།། མི་སྦྱིན་ཚིག་ཀྱང་རྐྱང་པ་སྟེ།། དེ་བཞིན་བརྟེན་པ་ཉིད་ཀྱང་ནི།། རུས་གསུམ་སྦྱོར་བ་གཅིག་པ་རུ།། སྔགས་པ་ཡིས་ནི་དེ་བྱའོ།། བཤེད་པ་ཞེས་བྱ་ཡུལ་ལ་བཤད།། ལྕི་བ་ཞེས
254a5 པ་དང་པོ་ཡིན།། དེ་དག་ཟ་བར་བཤད་པ་ཡིན།། མ་སྐྱེས་གཅིག་པུ་མཐོང་བའོ།། ཁྲག་ནི་ལྤགས་པ་ཡིན་པར་བཤད།། ས་བོན་ལུས་ཤེས་བྱ་བ་ཡིན།། རྐང་ནི་སེམས་ཀྱི་ཀུན་རྟོག་ཡིན།། ཟ་བ་དངོ།
254a6 མེད་གྱུར་པའོ།། སྨོན་ལམ་དབང་གིས་དེ་རྣམས་ནི།། བི་མར་ཤཱ་པས་འདི།། ལྷ་རྣམས་སྦྱོང་བའི་ཆོས་ཉིད་དུ།། བདུད་རྩི་ཞེས་ནི་བརྗོད་པ་ཡིན།། དགོངས་པ་ཡིས་ནི་བཤད་པ་ལ།། བྱིས་པ་རྣམས
254a7 ནི་ཡི་གེར་རྟོག། རྡོ་རྗེ་ཐེག་ལ་གནས་ཁྱོད་ཀྱང་།། ཆོས་ཉིད་དེ་ཡིས་མི་ཤེས་སོ།། རྟོག་པ་ཀུན་ལས་རྣམ་འདས་པས།། ཆོས་ཀྱི་དབྱིངས་དེ་མཁའ་དང་མཚུངས། དེ་འདྲ་འཇིག་རྟེན
254a8 རྒྱང་པན་པ།། ། མཐོན་པོའི་གསང་གིས་རྟོགས་པར་བྱེད།། ། ཡི་གེ་གང་གིས་མི་གང་ཞིག།། །




iiif viewer powered by OpenSeadragon

253b - 254b

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud