e-texts navigator
Collection
Volume
Page
Wylie

253b1 གྱུར་མཐོང་བར་དང་།། འགྲོ་བཅས་ཚངས་པ་འགྲོ་བདག་པོ།། ཚངས་པའི་གནས་པ་བཞི་པོ་ལས།། སྨོན་ལམ་ལ་སོགས་བསྒོ་བྱའོ།། འགྲོ་དོན་རྟོགས་འདོད་ཡོན་ཏན་གྱུར་དག་ལ།།
253b2 དགོས་པའི་བདེ་ཚིག་དགའ་བའི་འདོད་པ་མཛོད།། སྔོན་ཆད་མཛད་པའི་སྨོན་ལམ་རབ་མཆོག་དགོངས་ནས་ནི།། ཐུབ་པ་རྡོ་རྗེའི་ཚིག་མཆོག་རྣམ་པར་དབྱེ་བར་གསོལ།། ནོར་བུ་རིན་ཆེན་དག
253b3 གིས་རྣམ་བརྒྱན་སྐུའི་མཆོག། འགྲོ་བའི་དོན་བྱེད་སྲིང་མོ་བདག་ལ་བརྟེན་པར་མཛོད།། ལྷག་པའི་སྙིང་རྗེ་ལས་བྱུང་རབ་མཆོག་ལྡན་པའི་སྐུ།། བདག་ནི་ཡོངསུ་བཟུང་ལ་ཆོས་རྣམས་དོན་ཡོད
253b4 མཛད།། སྲིང་མོས་ཀྱང་ནི་ཁྱད་པར་དུ།། དེ་ལྟར་བསྐུལ་བ་ཙམ་གྱིས་ནི།། དེ་ནས་ཡོངས་སུ་འཛིན་མཛད་དེ།། རིག་པའི་པད་མ་དཔལ་དུ་མཛད།། ཤིན་དུ་ཡིད་འོང་དབྱངས་ཀྱིས་ནི།། ཕན་པར
253b5 མྱུར་དུ་འགྲོ་བར་གཉིས་མེད་འདིར་སྣང་འགྱུར།། བླ་མ་བདག་ནི་གལ་ཏེ་གསོན་པར་མཆིས་བཞེད་ན།། དགའ་བ་ལས་བྱང་ཆོས་དགའ་བདག་ལ་དགས་པར་མཛད།། འགྲོ་བ་དང་ནི་འོད་དང
253b6 གནས་པ་ཙམ་འདི་ནི།། ནམ་ཡང་བལྟས་པར་འགྱུར་བ་དག་གིས་མདའ་མ་ལགས།། ཀུན་ཏུ་སོང་བའི་དམ་ཚིག་ཅན་གྱི་བདག་ཉིད་སྟོན།། འདོད་པའི་ཡོན་ཏན་རྣམས་ཀྱང་ཁྱེད་ཅག་འདོད
253b7 བར་མཛད།། དགོངས་པའི་ཡེ་ཤེས་རྡོ་རྗེ་ཡིས།། སངས་རྒྱས་ཡོན་ཏན་གཅིག་ལ་བཞུགས།། བཟླས་བརྗོད་སྦྱིན་བསྲེག་དེ་བཞིན་ཁྲུས།། དཀྱིལ་འཁོར་ཡོངསུ་བརྟག་པར་མཛད།། འདོད་པ་མེད
253b8 ཅད་ཆགས་པ་ཞི།། དེ་ཡང་དོན་དམ་དག་གྱུར་ཡིན།། སྤྱོད་དུས་དེ་བཞིན་སྔགས་པ་ནི།། བཟླས་བརྗོད་དངོས་པོ་མེད་པ་ཡིན།། ། བསྙེངས




iiif viewer powered by OpenSeadragon

253a - 254a

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud