| e-texts navigator |
| Wylie |
252b1 སྔོན་མེད་མ་ལུགས་གཟུགས་ཀྱིས་ནི།། ཁམས་གསུམ་དག་ནི་ལྟ་བར་འདོད།། འགྲོ་བའི་དོན་ནི་བྱེད་འགྱུར་པ་འམ།། མཉམ་ཉིད་ཡེ་ཤེས་དེ་ཉིད་ལས།། ཡོན་ཏན་གསུམ་ནི་བདར་བྱས་པ
252b2 ཡོན་ཏན་མེད་པའི་ཡོན་ཏན་མིག། གཞོན་ནུའི་སྤྱོད་པའི་ལུས་ཀྱིས་ནི།། ལྟ་བ་འདི་ནི་བ་ར་སྐྱེས།། འདི་ནི་སྒོ་གླེགས་མཐའ་ཡི་སྟེང་།། ཨེ་ཨུ་དང་ནི་རིང་པོར་བཅས།། ཡི་གེ་གསུམ
252b3 བཅས་ཐིག་ལེར་གནས།། ཆེག་ཏྲ་མཐའི་རིང་སྟེ་ཅན།། ཡི་གེ་ཨ་ནི་རིང་སྦྱོར་བ།། བཅུ་གཅིག་པར་ཡང་གྱུར་པ་ཡིན།། དེ་ཉིད་རིང་པོ་རིང་པོའི་མཐའ།། བཅུ་གཉིས་པའི་གྲངསུ་འགྱུར།།
252b4 དེ་ཉིད་ཡི་གེ་ཨུར་སྦྱོར་ལས།། ཡི་གེ་ཨོཾ་ཞེས་བརྗོད་པ་ཡིན།། སྔ་མ་རི་མེའོ་སྦྱོར་བ་ཡིས།། མི་ནི་བཅུ་བཞི་པར་འགྱུར་རོ།། རི་སྟེ་ཨ་ལས་སྔགས་པས་ནི།། ཨི་ཉིད་ཏུ་ནི་ལྟ་བར
252b5 བྱ།། དེ་བཞིན་ཨ་ཡི་སྦྱོར་བ་ལས།། ཡི་གེ་ཨ་ལས་ཅི་འདོད་པར།། ཇི་བཞིན་གྲངས་ཀྱི་ཡང་དག་བལྟ།། རེ་རེ་ལའང་ཨིའི་སྤོར་བས་སྐོ།། ཨེ་རེ་ལི་ཨུའི་ཚོགས་ལས་ཀྱང་།། སྔགས་པ།
252b6 ཡང་ལ་བའི་གཟུགས།། ལྐོག་མ་མཁའ་དང་བར་དང་ནི།། རྐན་དང་སྤྱི་སོར་གནས་པ་ཡི།། གང་ཚེ་ཨ་ཀའི་སྡེ་གྲངས་ལསོ།། ཨ་ནི་ཁའི་རྒྱབ་ན་གནས།། ཨི་ཚན་ཕྲག་པ་ལག་པ་དང་།
252b7 ཅིགས་རྣམས་ལ་ནི་དེ་བཞིན་ནོ།། དཔུང་པ་དང་ནི་ལག་པ་དང་།། ལྷག་པ་གཡོན་པར་རབ་དུ་བརྟག། སྤྱི་དང་བརླ་དང་བྱིན་པ་དང་།། རྐང་པ་གཡས་གཡོན་ནོ།། གཟུགས་དེ་ཡི་ནི་གྲངས
252b8 མཉམ་ག། ཏ་མཚན་ཤིན་དུ་དངོས་གྲུབ་སྟེར།། ཨུ་ཚན་དེ་བཞིན་དབུས་དང་ནི།། ལག་པ་རུ་ནི་ཡོངསུ་བཤད།། རྐང་པ་ལ་ཡང་རི་ཏིའི་མཚན།། འདས