e-texts navigator
Collection
Volume
Page
Wylie

252a1 དགོད་ལུ། སྣང་བ་ལ་སོགས་གྲུབ་ཅིང་།། ཡིད་བཞིན་ནོར་བུ་འདྲ་བའི་མཆོག། འགྲོ་བའི་དོན་ཅིག་ཡང་དག་བྱུང་ཨ་ཡི་དོག་རས་ཀྱིས་མཚོན་པས།། འཇིག་རྟེན་པ་ལ
252a2 དགོངས་པས་བཤད།། འདི་ནི་ཆོས་དང་རྫོགས་ལོངས་སྤྱོད།། སྤྲུལ་པས་དེ་ནི་གསུམ་དུ་འགྱུར།། བྱིས་པས་རྟོགས་པར་བྱ་བའི་ཕྱིར།། དེ་ནི་རྣམ་པ་ལྔར་ཡང་འགྱུར།། ཐ་མལ
252a3 མེད་པའི་ཆོས་རྣམས་གང་།། རྣམ་ལྔ་གཅིག་པའི་རྣལ་འབྱོར་པས།། དྲི་ཡང་ཤིན་དུ་ལྡན་སེམས་ཅན།། སེམས་ཅན་སོགས་ལ་རྣམ་པར་གནས།། རྟག་པ་ལྟར་ནི་སོ་སོར་སྣང་།། འགྲོ་བ
252a4 དུས་གསུམ་མཚན་ཉིད་གཅིག། སྐྱེ་བ་མེད་ལས་སྐྱེས་པ་ནས།། གཅིག་དང་དུ་མ་རྣམས་སྤངས་པའོ།། ཤེས་འདོད་དེ་ཚེ་སྔགས་པ་ནི།། འགྲོ་བ་བྱིས་པ་དེ་ཚེ་སྤྲོད།། དེ་ནས་གས།
252a5 སྔགས་འགྲུབ་འགྱུར་བ།། རྣམ་པར་མ་རྟག་གཅིག་ཤོས་ཉིད།། ཡའི་སྡེ་ཚོགས་གནས་བྱས་ཏེ།། སྔར་ནི་ན་ར་བྲི་བར་བྱ།། རང་གི་སྡེ་བཅས་འདི་དག་ནི།། ཡི་གེ་ཨ་བཞིན་སྔོན་འགྲོ་བ།།
252a6 དངོས་པོ་གཞན་པའི་བཞི་པ་ནི།། ཨི་ཨུ་དང་ནི་རིང་པོར་བཅས། ཨེ་ཨེ་ཨོ་ཨུ་ཡ་སྲེ་མཐའ།། བཞི་པོ་དང་བཅས་ཟླུམ་བོར་བྲི།། བསམ་མི་ཁྱབ་སྦྱོར་ལྡན་པའི་ཡང་།། འགྲོ་བ་མཉམ
252a7 བཞག་བསྐྱེད་པ་ཡིན།། འདི་དག་རང་སྐྱེས་གནས་གཟུགས་ཀྱིས།། ཆུ་ཡི་ཡི་གེར་ཞུགས་པར་འགྱུར།། དེ་ནས་བཞིན་ནུའི་གཟུགས་ཉིད་ཀྱང་།། རྣམ་པར་བསྒོམ་སོས
252a8 སྐྱེ་བར་དབྱར།། གནས་དབང་གསོ་སྔགས་པ་ནི།། བླ་མེད་དངོས་གྲུབ་ཐོབ་པར་འགྱུར། ནག་ཡི་ནི་གྲང་མི་བཞིན་དུ།། སྐུང་ཚོགས་སྐྱེར་བ་གང་གནས་པ་ཞི་ཤུ་འནི་འདྲན་མ་ཡང་། ཤིང་ལྔ་པ་ཡི།




iiif viewer powered by OpenSeadragon

251b - 252b

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud