e-texts navigator
Collection
Volume
Page
Wylie

251b1 རྟེན་འབྱུང་ཆོས་ཞེས་བྱ་བ་ཡིན།། ལོངས་སྤྱོད་རྫོགས་པའི་བསྡུས་ཏེ་གྱུར།། སྤྲུལ་པ་བསམ་མི་ཁྱབ་ཆོས་ཅན།། བསྡུད་པ་པོ་གང་གྱུར་པ་ཡི།། དེ་ཡང་ཕུལ་དུ་བྱུང་བའི་མིང་།།
251b2 རྡོ་རྗེ་ལ་སོགས་ཡང་དག་སྤར་ཏེ་སེམས་ཅན་རྣམས་ནི་དེ་སྤོར་བྱེད།། དམ་ཚིག་ལ་སོགས་སྔོན་དེ་ནི།། དེ་ཉིད་ཀྱིས་ནི་རྡོ་རྗེར་སྦྱར།། སེས་མ་ཅན་དགོངས་པའི་སྦྱོར་བ་ཡིས།། དེ་ནི།
251b3 ཆོས་རྣམས་སྟོན་པར་བྱེད།། རྣམ་པ་དགུ་པོ་ཐོག་མཐའ་ཅན།། བསྡུད་པ་པོ་རྣམས་བྱས་པ་ཡིན།། གསང་སྔགས་དེ་ཉིད་གནས་འགོག་པར།། སེམས་ཅན་རྣམས་ནི་ངོར་འཇོག་སྟེ།།
251b4 གསོལ་བ་འདེབས་དང་ཕྱག་འཚལ་དང་།། འཇིག་རྟེན་རྣམས་ལ་གསོལ་བྱ་བ།། རྫོགས་སངས་རྒྱས་རྣམས་མཉེས་བྱེད་དེ།། ཁྱོད་ཀྱི་ཐལ་མོར་གནས་པ་ཡིན།། གང་ཞིག
251b5 སེམས་ཅན་སངས་རྒྱས་འགྱུར།། དེ་བཞིན་གཉིས་མེད་ཆོས་ཉིད་ཅན།། གནས་མེད་གནས་པའི་སྦྱོར་བ་ཡིས།། ཐམས་ཅད་སངས་རྒྱས་གནས་རྣམ་སོ།། སྣ་ཚོགས་མཚོན་པའི
251b6 དེ་ཉིད་དོན།། མཐོང་བས་གསལ་བྱེད་ཐལ་མོ་ཡིན།། དེ་བས་དེ་རྣམས་མགུ་གྱུར་པ།། ཆོས་ཀྱི་ངོ་ཉིད་རྐྱེན་ལས་སོ།། རྒྱུ་མེད་རས་ཀྱི་དེ་ཉིད་རིང་།། ཁྱོད་ཀྱི་ཕྱག་རྒྱའི་སྤོར་ལས
251b7 བྱུང་།། གང་ཞིག་ཤེས་པས་འདོད་གྲུབ་པའི།། དངོས་གྲུབ་དེ་ནི་འཐོབ་པར་འགྱུར།། ཨ་ཉིད་དེར་ནི་མི་གསལ་བའི།། སྒྲ་ལས་སྦྱོར་བར་གྱུར་པ་ཡིན།། དོག་པར་དེ་ནི
251b8 ཡོངས་བཤད་དེ།། དངོས་པོ་མེད་པར་རས་ཀྱི་མིང་།། འཕགས་པ་གཤིན་རྗེ་གཤེད་བསྒོམས་ལ།། གཞོན་ནུའི་གཟུག་སོ་ཡང་བསྒོམ་བྱ།། དོག་པ་དེ་ཡི་རས་དོན་ལས།། མི




iiif viewer powered by OpenSeadragon

251a - 252a

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud