e-texts navigator
Collection
Volume
Page
Wylie

251a1 དགོང་སུན@#། དང་བསླབ་པ་གཏེར་བ་དག། མ་འོངས་སྐྱེ་བོས་འཐོབ་པར་འགྱུར།། དེ་ཉིད་ཏུ་ནི་དེ་འགྱུར་ན།། གཅིག་དང་དུ་མ་རྣམས་སྤངས་པ།། ཆོས་ཤེས་བཤད་པ་དངོས་མེད་པ།
251a2 འགྲོ་བའི་རྐྱེན་གྱིས་ཡང་དག་བསྡུད།། འདི་ནི་མཁའ་ལྟར་རང་བཞིན་གཅིག། གནས་མེད་གནས་པ་ཞེས་བྱ་བ།། བསྡུབ་བྱས་པར་གྱུར་པ་དང་།། སྐྲ་གསུམ་དོན་གྱི་ཆོས་ནི་དོ།། འདི་ནི
251a3 ཐོག་མཐའ་མེད་པ་སྟེ།། དངོས་པོ་མེད་ཅིང་གནས་མེད་པ།། མཐའ་མེད་ཟད་པ་མེད་འབྱུང་བ།། སྐུ་གསུམ་དག་ནི་རྐྱེན་ལས་བྱུང་།། རྣམ་པར་འཇུག་པའི་ཡེ་ཤེས་ཏེ།། དེ་ལས་སངས
251a4 རྒྱས་སྙིང་པོར་འགྱུར།། ཧཱུཾ་གས་སེམས་ཅན་ཡང་དག་འབྱིན།། སངས་རྒྱས་སྐུར་ནི་རབ་དུ་བརྟག། ཨོཾ་ནི་ཐམས་ཅད་བསྡུད་པ་སྟེ།། ཨ་ནི་གནས་པ་པར་འགྱུར་རོ།། གཅིག་པུ་རྣམས
251a5 གསུམ་དེ་བཞིན་ལྔ།། གསལ་དང་མི་གསལ་སྦྱོར་བ་ཡི།། རྟེན་འབྲེལ་ཆོས་ཉིད་འདི་ཡིན་ནོ།། དེ་ཉིད་ཀྱི་ནི་བསྡུས་བཤད་པའོ།། ཟློས་དང་བསམ་གཏན་རྣམས་བྲལ་བར། དེ་ནི
251a6 ལྷུན་གྲུབ་འབྲས་བུ་སྟེར།། དེ་བཞིན་གྲུབ་པ་འདི་ཡིན་ཏེ།། འདོད་པའི་བཟླས་པར་དེ་བཤད་དོ།། རྣལ་འབྱོར་པ་ལ་དེ་གསལ་ཏེ།། བྱིས་པ་རྣམས་ལ་ཕྱིན་ཅི་ལོག། རྐྱེན་ལས
251a7 བྱུང་བ་དེ་ཉིད་གསུམ།། དངོས་པོ་མེད་པར་དེ་བཤད་དོ།། དེ་ཉིད་བསྡུས་པ་བཤད་པ་ནི།། ཡིན་མིན་པའི་བཟླས་པར་འགྱུར།། ཡིན་སྟོན་གཅིག་ནི
251a8 མདོར་བསྡུས་ལས།། རིང་དང་ངལ་དང་གནས་པ་རྣམས།། ཞི་བའི་ཆོས་ཉིད་ལས་སྐྱེས་ཏེ།། ན་མཁའི་དབྱིངས་དང་མཉམ་པར་ཐམ།། དངོས་པོ་མེད་པའི་དེ་ཉིད་འདི།།




iiif viewer powered by OpenSeadragon

250b - 251b

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud