e-texts navigator
Collection
Volume
Page
Wylie

250b1 ལྐུགས་པ་དང་།། དེ་བཞིན་ལོང་བར་གྱུར་པ་དང་།། གང་ཞིག་ཕྱེ་བོ་ལ་སོགས་གྱུར།། དེ་སེམས་ལ་ནི་ཕན་ཕྱིར་བྱས།། དེ་ལ་སོགས་པ་མདོར་བསྡུས་པ།། དེ་ནི་ཁྱེད་ཀྱི་ཐལ
250b2 མོར་གནས།། དེ་ནི་འཇིག་རྟེན་འདས་གེ་ཙོར་འགྱུར།། དེ་ཉིད་བསྡུས་པའི་རྒྱུ་ཅན་ནོ།། དེ་ནི་ཕྱི་མིན་ནང་མ་ཡིན།། གཉིས་མིན་གཞན་གྱི་རྒྱུད་ལས་མིན།། ཕྱག་རྒྱ་ཚོགས་ལ
250b3 སྐྱེས་པ་ནི།། འཇིག་རྟེན་རྐྱེན་ལས་བྱུང་བ་མིན།། རྡོ་རྗེ་ཐལ་མོ་བསྡམས་པས་ན།། མིང་ནི་རྡོ་རྗེ་ཐལ་མོར་འགྱུར།། སེམས་ཅན་རྣམས་ཀྱིས་རྟོགས་དཀའ་བའི།། སྙིང་པོ
250b4 རྟོགས་པར་བྱ་བ་མཆོག། ཕྱག་རྒྱ་དེ་ཉིད་བུ་འདི་ཡིན།། ཕྱི་ནང་གཉིས་ཀྱི་མིང་ཅན་ནོ།། མི་སྐྱོང་རིན་ཆེན་དཔག་མེད་དང་།། དོན་གྲུབ་རྣམ་སྣང་དེ་བཞིན་གཤེགས། འདི་དག་ལག་པ་གཡས
250b5 པ་ཡི།། མཐེ་ཆུང་ལ་སོགས་རྣམས་ལ་གནས།། གཉིས་འགྱུར་དགེ་འདུན་སྟེ།། དེ་འདི་སྐབས་འདི་གསུམ་ཡིན་ཏེ།། སངས་རྒྱས་ཆོས་དང་དགེ་འདུན་རྣམས།། གཅིག་ཀྱང་གསུམ་དུ་བརྟགས
250b6 པ་ཡིན།། ཕན་ཚུན་བཅིངས་པའི་རྡོ་རྗེ་ཉིད།། ཤེས་རབ་ཀྱི་ནི་གནས་མཆོག་ཡིན།། ཐལ་མོ་བཅིངས་པ་ཙམ་གྱི་ཡང་།། སངས་རྒྱས་ཐམས་ཅད་ཉིད་འཐོབ་འགྱུར།། སྐབས་གསུམ་དང
250b7 ནི་དེ་ཉིད་གསུམ།། རྡོ་རྗེ་གསུམ་དང་རྣམ་ཐར་གསུམ།། ཞལ་གསུམ་མདོག་གསུམ་སྨན་གསུམ་དང་།། ལྷ་གསུཾ་དང་ནི་ཁམས་གསུམ་དང་།། དུས་གསུམ་དམ་ཚིག་མཆོག
250b8 གསུམ་དང་།། ཚུལ་གསུམ་དཀྱིལ་འཁོར་གསུམ་དུ་འགྱུར།། སྦྱོར་བ་གསུམ་དང་ལམ་གསུམ་སྟེ།། ཇི་སྲིད་རྡོ་བས་བརྗོད་པ་རྣམས།། དེ་ནི་ཐལ་མོ་སྦྱོར་འདི་ཡིན།། འདོད་ནོར་ཡོན་ཏན་གསུམ་གྱི་མཆོག། རིམ




iiif viewer powered by OpenSeadragon

250a - 251a

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud