e-texts navigator
Collection
Volume
Page
Wylie

250a1 དཔེང་@#གཉིས་པར་ཡང་ནི་རྣམ་པར་གནས།། ཤིན་དུ་སྦྱོར་གཅིག་གྱུར་སོང་བས།། འཇུག་འགྱུར་བ་ནི་དྲག་པོ་ཡིན།། ནམ་མཁའ་དག་པའི་སྦྱོར་བ་ཡང་།
250a2 ཚངས་པར་གཞོལ་བའི་བདག་ཉིད་ཅན།། མངལ་གྱི་གཟུགས་གྱུར་ཁྱར་འཇུག་སྟེ།། དེ་ཡི་དབུས་ན་དབུགས་བཟུང་བ།། སྤུ་ཡི་ཆ་ནི་སྟོང་ལས་གཅིག། ཞི་དང་རྣམ་པ་མེ་རྟོག་ཉིད།། ཐར་པ
250a3 གཅིག་པུ་དེ་སྟོན་བྱ།། ཐར་པའི་ངོ་བོ་ཉིད་མ་ཡིན།། དེ་བས་ལྟ་འདི་ལོག་པ་སྟེ།། ཞི་བ་ཉིད་ནི་སྒྲོགས་པའོ།། སྟོན་པ་དེ་རྣམས་ཕྱི་ནས་ནི།། ཞི་བའི་ཆོས་རྣམས་སྨྲ་བར་འགྱུར།། ཐབས་ཆེན་དེ་བཞིན
250a4 ཤེས་རབ་དག། འདི་འདྲ་མཐོང་བར་མ་འགྱུར་རོ།། ཚངས་པ་ལ་སོགས་ལྷ་རྣམས་ཀུན།། ཁྱོད་ཀྱིས་ཐལ་མོ་དག་ལ་གནས།། དེ་རྣམས་ཕྱག་རྒྱ་སྟོན་བྱེད་ཅིང་།། སྔགས་ནི་དབྱེ་བ་མཐའ་ཡས་པ
250a5 འདི་ཉིད་དུ་ནི་ཉི་ཟླ་དང་།། སྦྱིན་བསྲེག་ལས་ཅན་མེ་དང་ནི།། ལོ་དང་ཟླ་བའི་སྦྱོར་བ་དང་།། རྟག་ཏུ་འཆར་ཞིང་འཕེལ་འགྲིབ་དང་།། དེ་ཉིད་གསུམ་གྱི་སྦྱོར་སྐྱེས་འདི།། དེ་ཉིད་གཅིག་ཏུ་རྣམ་པར་གནས།།
250a6 ཞི་བ་ཉིད་ཀྱི་སྦྱོར་ཆོས་ལས།། དེའང་གཅིག་དང་དུ་མ་སྤངས།། ཁྱོད་ཀྱི་ཐལ་མོ་ལས་བྱུང་བ།། དེ་ལས་དེ་ནི་འདར་མི་བྱ།། དེ་བཞིན་གཤེགས་ཀུན་སྤོང་གྱུར་པ།། དེ་ནི་སྤང
250a7 བར་ནི་བྱ་ཞིང་།། འདི་དག་དངོས་མེད་ལྷ་ལྟོས་པས།། རྣལ་འབྱོར་པ་ནི་མཆོག་ཏུ་འདོད།། གཞན་དུ་རྣམ་ཏོག་ཉིད་ལས་ནི།། དངོས་གྲུབ་འབྲས་བུའི་སྣོད་མི་འགྱུར།།
250a8 དེ་བས་ཐལ་མ་སྦྱར་བ་འང་།། སེམས་ཅན་རྗེས་བཟུང་དམ་པ་ཡིན།། མ་བསྡུས་པའི་སེམས་ཅན་རྣམས།། བསྡུ་བའི་དོན་དུ་ཁྱོད་ཀྱིས་བཤད།། སྣང་བྱ་འོན་པ




iiif viewer powered by OpenSeadragon

249b - 250b

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud