e-texts navigator
Collection
Volume
Page
Wylie

249b1 ཡིན། དེ་བས་ཡོན་ཏན་གསུམ་བདག་ང། རིག་རང་མཆོད་སྦྱིན་སྙན་ཚིག་སྟེ། རིག་བྱེད་དེ་འགྱུར་གསུམ་དུ་བཤད། སྲིད་བསྲུང་ཞི་བ་ང་ཡིན་ཏེ། མཐར་ནི་འགྲོ་བ་གནས་པ་ཡིན། ལག་པ
249b2 གཉིས་ཀ་འདི་དག་ནི། བཞི་པོའི་ཕྱེད་ཕྱེད་རྣམ་བརྒྱན་པ། བྱེད་པོ་ཙམ་ཀྱི་ཧ་མཆོག་ནི། རབ་ཏུ་ཞི་བར་རབ་བསྒྲགས། ཉི་མ་ཟླ་བ་མི་རྣཾས་དེར། སོ་སོར་ཡོངསུ་བསྒྲག་པ་ཡིན། ཡི་བྱེད་ཙམ་མཆོག
249b3 གྱུར་པ། ཤིས་པ་ཞི་བ་སྐྱོན་མེད་པ། ཡོན་ཏན་ཨོཾ་དང་ཡི་ཕྱེད། ཨོཾ་ཞེས་གསལ་བར་བརྗོད་པ་ཡིན། སྣ་ཡི་རྩེ་མོར་ཡང་དག་ལྡན། གཙུག་མཐའ་དང་ནི་ལག་པ་གནས། ཉི་མ་ཟླ་བ་སྦྱོར་བ་ལྔ། ཡཱི
249b4 མེ་ནི་ཚངས་ངེས་པར་སྐྱེ། ལྕེ་དང་རྐན་གྱི་མཚན་མ་ནི། སྦྱོར་ལས་ཐར་པ་དེ་བཤདདེ། འོག་ཏུ་ཨ་དང་ཡང་དག་ལྡན། དེ་སྟེང་ཡི་གེ་ཨ་ཉིད་དེ། ཟད་ཀ་རུ་མ་བཤད། ཁྱོད་ནི་ཡི་ཕྱེད་ཞིབ
249b5 ཡིད། ཡི་གེ་ཨ་ནི་ཚངས་པ་སྟེ། ཨ་ནི་ཁྱབ་འཇུག་ཡིན་པར་བཤད། ག་ནི་རླུང་དུ་གྱུར་པ་ཉིད། དེ་ཉིད་དྲག་པོ་ཞེས་བྱའོ་ཞི་བ་བྱེད་ཕྱེད་ཞེས་བྱ་བ། དེར་ནི་བདག་ཡོངས་བསྒྲགས
249b6 པ་ཡིན། གནས་དང་འཕྲོ་དང་སྐྱེ་བ་ཡི། གཞན་གྱི་ཡུལ་ལས་ཡང་དག་འཕྲོ། ཡེ་ཤེས་རང་ཉིད་མེ་ཡིན་ཏེ། ཁྱད་པར་འཛིན་པ་དེ་བཞིན་ནི། རལ་གྲི་ལ་སོགས་དངོས
249b7 གྲུབ་དེར། བྱང་ཆུབ་ཕྱི་རོལ་ཉིད་འགྲུབ་འགྱུར། གཉིས་པོ་འདི་དག་མེད་གནས་པའི། རྣམས་ངག་འདི་དག་རབ་ཏུ་བརྟག། ཚངས་པ་ལ་མག
249b8 པ་རྣམས་དེར།། མུ་འོངས་པ་རྣམས་སྒོམ་པར་འགྱུར། ངའི་འཇོ་རས་སོགས་འགག་པས་ན། དེ་བཞིན་འབྱུང་བ་སེལ་བ་ཡིན། རྣལ་འབྱོར་པ་རྣམས་སྲོག་སྤངས་ནས།




iiif viewer powered by OpenSeadragon

249a - 250a

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud