e-texts navigator
Collection
Volume
Page
Wylie

249a1 དཀོང་ལུང་@#། པས་བཅད་པར་བྱ། འདི་ལ་འཇིག་པའི་སེམས་དོར་ལ། རྒྱ་བ་མེད་པ་ཁྱད་ཀྱི་ནི། རྒྱལ་རིག་དག་གམ་རིག་བཟང་ངམ། གང་ཞིག་མི་སྤྱན་རིག་ཅན་རྣམས། དག
249a2 མེད་པའི་རས་འཇུག་པ། དེ་དག་ཐམས་ཅད་བརླག་པར་བྱེད། དེ་ནས་རྒྱལ་པོའི། བྱིན་པ་ནི། རྒྱུད་ཀྱི་སློབ་དཔོན་བདག་ཉིད་ཆེ། རིན་ཆེན་རིན་ཟང་མེད་སོགས། བདེ་བ་ཀུན་གྱི་འབྲས་བུའོ།།
249a3 འདི་ཡིས་གདོང་ནི་གཡོག་ནས་སུ། རྒྱལ་པོའི་འབྲས་བུ་ལོངྒ་པྱོད་ཅིང་། ཨ་ཡི་དོག་པའི་རས་དེ་བྱིན། ཇི་ལྟར་སྐྱེ་བཞིན་རྒྱལ་པོ་བྱས། རིན་ཆེན་རིན་ཟང་མེད་བླངས་ནས། དེ་ནི་ཇི་ལྟར་བཞུ
249a4 ནསུ། དེ་ནས་དེ་ནི་མི་སྣང་བ། རྒྱན་ཆགས་ཀྱིས་ནི་དེ་ཚེ་བྱས། དེ་ལ་སོགས་པའི་སྣ་ཚོག་ཚིག། རིག་སྐྱེས་པ་ལ་དེ་རྣམས་སྨྲས། རང་ཉིད་འཇིགས་ཤིང་གཞན་རྣམས་ཀྱང་། སྐྲག་པར་བྱེད་པ་ཐེ་ཚོམ་མེད། དེ་ནས
249a5 བཞིན་གཤེགས་བདག་པོ། འབྱིན་པ་སྟོན་པ་མངའ་བདག་གཙོ། ཕྱག་ན་རྫི་གོ་བྱེད་པ། སྙན་པའི་གསུང་ནི་བཀའ་སྩལ་པ། རྡོ་རྗེ་ཆེན་པོ་ལེག། རྡོ་བལ་མོ་བསྟན་བྱས་ཏེ། རྡོ་འདི་ནི་ཞུས་གྱུར་པ། དེ་ཉིད་བསྡུས།། དམ་པའོ།
249a6 རྡོ་ཐལ་མོའི་དེ་ཉིད་འདི་འདི། ལུང་བསྟན་བྱ་ཡིས་དེ་ཉོན་ཅིག། དེ་ཉིད་གསུམ་དུ་གྱུར་པ་དེ། རྡོ་ཐལ་མོར་ཡོངསུ་བརྟག། དེ་ཉིད་གསུམ་ནི་ལྷ་གསུམ་སྟེ། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། དེ་རུ་ང་ནི་ལྷ་གཅུ
249a7 འགྱུར། ཨོཾ་ཨཱཿཧཱུཾ་དང་གྲངས་མཉམ་པའི། གསང་སྔགས་འཇུག་པ་ཐམས་ཅད་ནི། སྣ་ཚོག་ལུང་ཅན་གཅིག་མིང་ཅན། ཞི་བ་ཉིད་ནི་གང་དུ་སྟོན། དེར་ཡང་གནས་པ་ཡིན། ཕྲལ་བ་གཡོན་དེ་བཞིན་མི་འདུག། དེ
249a8 ནི་སྐྱེས་བུ་མིང་ལྡན་མིང་། དེ་རྣམས་ལག་པའི་དབུས་ནས་ནི། ཐེམ་སོག་ཇི་བཞིན་གྲངསུ་བཤད། ལག་པ་གཡོན་ན་དྲག་པོར་འགྱུར། གནས་པ་དེ་བཞིན་ཁྱབ་འཇུག་སྟེ། གཉིས་པ་སྦྱོར་བ་ཚད་པ




iiif viewer powered by OpenSeadragon

248b - 249b

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud