| e-texts navigator |
| Wylie |
248b1 ཤིང་སྐྲག་པར་འགྱུར། བྱང་ཆུབ་སེམས་དཔའ་ལྟུང་འགྱུར་བར། བདག་ཉིད་དེའི་ཚེ་བྱེད་པར་འགྱུར། དེ་བཞིན་བྱང་ཆུབ་འགྱུར་བ་དང་། སྔག་པ་རྣམས་ཀྱང་གསང
248b2 བ་ལགས། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། གསང་བ་མདོ་སྡེ་རྣམས་སྨྲ་བ། གདོང་གཡོག་པའི་སྦྱོར་བ་ཡིས། དེའི་ཚེ་ཚིག་གི་རིགས་སྐྱེས་པ། གསང་སྔགས
248b3 ལ་སོགས་ཆོས་རྣམས་ལ། དད་པ་རྣམས་ནི་བསྐྱེད་མི་བྱེད། ལོག་པ་མཁས་པའི་ང་རྒྱལ་ནི། བྱིས་པ་ཕྱི་ནས་བྱེད་པར་འགྱུར། ཨ་ནི་དོག་པའི་རས་འདི་ནི། སྦྱོར
248b4 ཤེས་རྣམས་ཀྱི་འདི་མ་ཡིན། དེ་རྣམས་དད་པས་རྗེས་འཇུག་པ། གཏམ་དག་ཀྱང་ནི་བྱེད་པར་འགྱུར། རྒྱུ་ནི་གཡོ་ཡི་ཚུལ་གྱིས་ནི། རྒྱལ་པོ་རྣམས་ནི་སླུ་བར་བྱེད། སྟེང
248b5 དུ་གཡོགས་པ་དག་གཱི་ནི། བརྒྱད་གཉིས་པ་ཡི་ཚུལ་གྱིས་བྱེད། ད་ནི་མ་ལས་སྐྱེས་པའི་བདག། རས་ཀྱི་རྒྱུ་མེད་པ་གཉི་ག་ཀྱི། ཨ་ཡི་དོག་རས་ཉིད་རྒྱལ་པོའོ།། ཡང་དག་དངོས
248b6 གྲུབ་བྱེད་པའི་མཆོག། དག་པའི་སྐྱེ་བ་ཉིད་མཐོང་ན། ད་ནི་ལོངས་སྤྱོད་ལས་སྐྱེས་མིན། དེ་བས་སྐྱེ་བོ་མེད་གཅིག་པུ། བྱ་བའི་སེམ་ནི་རབ་ཏུ་འཇུག། དེར་ནི་མཆེ་བ་ཅན་མི
248b7 འགྲོ། དེ་ལས་བརྣབས་པ་འབའ་ཞིག་ཡིན། རྒྱལ་པོ་དངོས་གྲུབ་ཆེན་པོའི་རས། བར་ཆད་ཤིན་དུ་མང་པོ་པ། བྱ་བ་དེ་ནི་རྣམ་པར་འཇིམ། སྒྲིབ་པ་མེད་པའི་རྣལ་འཕྱོ
248b8 དེའི་ནི་ཚིག་དེ་ཟོས་པ་དང་། རྒྱལ་པོ་རབ་དུ་ཡིད་དགའ་ཞིང་། དངོས་གྲུབ་ཆེན་པོའི་རིག་མཆོག་ལས། སུ་ཞིག་བདག་ནི་ཟློག་པར་བྱེད། རས་ཀྱི་བར་ཅད་བྱེད་པ་དག། དེ་ལ་ཆད