| e-texts navigator |
| Wylie |
102b1 ལ་ཕྱག་འཚལ་བར་བྱེད་ཅིང་། རང་གི་སྟན་ལ་འཁོད་ནས་སེམས་རེ་དོགས་དང་བཅེས་པས་གནས་སོ།། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་དེ་ལྟ་བུའི་སེམས་ཀྱིས།
102b2 རྟོག་པ་ཐུགས་ཀྱིས་མཁྱེན་ནས།། སླར་ཡང་རྡོ་རྗེ་ཕྲེང་བ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི་རྡོ་རྗེ་ལས་བཅོམ
102b3 ལྡན་འདས་ཀྱིས་རང་གི་རིག་མ་ཕྱུང་སྟེ། སྒེག་པ་ལ་སོགས་པའི་ཉ་མོས་དང་ལྡན་པས། བདག་ཉིད་ཀྱིས་འདོད་ཆགས་དང་བྲལ་བའི་གཟུགས་སྤངས་ནས།། སྒེག
102b4 པ་ལ་སོགས་པའི་ཉམས་དང་གཟུགས་བླངས་ནས། རང་གི་རིག་མ་ལ་མཁྱུད་ནས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་རྗེས་སུ་ཞུགས་ནས། སླར་ཡང་དེ་དག་གིས་བཅོམ
102b5 ལྡན་འདས་དེ་ལྟ་བུའི་གཟུགས་ཉིད་དུ་མཐོང་སྟེ། ངོ་མཚར་སྐྱེས་ནས་མིག་གདངས་ནས། རི་མོའི་བཀོད་པ་ལྟ་བུར་མཐོང་བ་ཉིད་ཀྱིས་ཅི་ཡང་མི་སྨྲ་བར་གྱུར་ནས། དེ་ལ
102b6 འཁོར་རྣམས་ཡང་དག་པར་འཁོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་གང་གི་རིག་མས་ཡང་དག་པར་བསྐུལ་ཏེ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དོར་ནས། ཉིད།
102b7 ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས།། རྗེ་བཙུན་རྡོ་རྗེའི་རིགས་ཀྱི་སྙིང་པོ་འདི་གསུངསོ།། ཨོཾ་ཨ་ཧཱུཾ། དེ་ནས་དེ་སྐད་གསུངས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་བ་སྤུའི
102b8 བུ་ག་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། རིག་མ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་རྒྱལ་པོ་རྣམས་ཕྱུང་བར་གྱུར་ཏོ།། ཕྱུང་བར་གྱུར་ནས་ཀྱང་བཅོམ