| e-texts navigator |
| Wylie |
102a1 གྲག་@#མཛེས་པར་མཛོད།། ཨེ་མ་ཧོ་རྡོ་རྗེའི་ཐེག་པ་བདེ།། རབ་ཏུ་དགའ་ཞིང་མགུ་བ་གསོལ།། ཨེ་མ་ཧོ་སྔགས་ནི་རབ་ཏུ་རྒྱས།། རང
102a2 འབྱུང་གོ་འཕང་སྒྲུབ་པ་པོ།། ཨེ་མ་ཧོ་ཤིན་ཏུ་ཟབ་པའི་ཆོས།། དམིགས་པ་མེད་པ་སྟོན་པར་མཛད། ཨེ་མ་ཧོ་རྡོ་རྗེ་འཆང་ཆེན་གཙོ། གསང་བའི་བདག་པོ་ཤིན་ཏུ
102a3 གསེང་།། ཨེ་མ་ཧོ་མཆོག་ཏུ་བྱང་ཆུབ་པ།། ཨེ་མ་ཧོ་སྤྲོས་པ་རྣམས་སྤངས་པ།། བདེན་པའི་དོན་ནི་གསལ་མཛད་པ།། ཐེག་པའི་སྒྲོན་མ་སྣང་མཛད་པ།། མགོན
102a4 པོ་བདག་ཅག་ཁྱོད་དྲིན་གྱིས།། རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ།། མགོན་པོ་བདག་ཅག་ལམ་ལོག་ཞུགས།། ཁྱོད་ཀྱིས་ཡང་དག་ལམ་ལ་བཀོད།། མགོན་པོ་བདག
102a5 ཅག་མུན་པར་འཐོམས།། ཡེ་ཤེས་སྣང་བ་ཐོབ་པར་མཛད།། དམ་ཚིག་རྡོ་རྗེ་ཉི་མ་སྐྱེ།། ཕྱག་རྒྱ་ཆེན་པོའི་དོན་སྟོན་མཛད།། བཅོམ་ལྡན་ཁྱེད་ལ་ཕྱག་འཚལ་ལོ།།
102a6 ཐུགས་རྗེ་ཕྱག་རྒྱ་ཆེ་བདག་ཉིད།། ཕྱག་འཚལ་གཉིས་མེད་དག་པའི་མཁའ།། དག་པའི་ཟླ་བ་ཁྱོད་ལ་འདུད།། ཅེས་པ་ལ་སོགས་པའི་ཚིགསུ་བཅད་པས།། བཅོམ
102a7 ལྡན་འདས་ལ་བསྟོད་པ་བྱས་ནས། སླར་འདུས་པར་གྱུར་ཏེ། རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་ཞེས་བྱ་བའི་ཤིན་ཏུ་ཕྲ་བའི་ས།། ཇི་ལྟ་བའི་ངོ་བོ་འདྲི་བར་འདོད་ནས།
102a8 ཡིད་ལ་བྱེད་པ་གཅིག་པས། དགའ་བར་བྱེད་པའི་གསུང་ཉན་པར་འདོད་ནས། བ་སྤུ་ལྡང་བ་དང་། དབུགས་གཡོ་བ་དང་བཅས་པས་ཡང་དང་ཡང་དུ་བཅོམ་ལྡན་འདས