e-texts navigator
Collection
Volume
Page
Wylie

101b1 པ་ཅན་གྱི་འོད་ཟེར་ཆེན་པོ་ཉེ་བར་བྱུང་བར་གྱུར་པས།། དེས་རྒྱལ་བ་དེ་དག་རྡོ་རྗེའི་ཕྲེང་བ་ཉིད་རྡོ་རྗེའི་ལམ་ནས་གཙུག་གཏོར་གྱི་འཁོར་ལོར་ཞུགས་ནས
101b2 གནས།། སླར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བདེ་བ་ཆེན་པོ་རྗེས་སུ་མྱོང་བར་འགྱུར་ཏེ།། རྡོ་རྗེའི་ཡི་གེ་ཧཱུཾ་བརྗོད་པས་དེ་ཉིད་ཀྱི་བདེ་བ
101b3 ཆེན་པོ་དེ་ཉིད་ཉམ་སུ་མྱོང་བ་དེ་ཉིད་ཐུགས་ཁའི་ལྟེ་བའི་རྩ་སྦུབས་ནས་འོད་ཟེར་ཆེན་པོ་ཕྱུང་སྟེ། རང་རང་གི་སྟན་ལ་འཁོད་པར་གྱུར་ཏོ།། དེ་ནས་དེ་རྣམས
101b4 ཆུའི་ཏིང་ནས་ཐོན་པ་ལྟ་བུ་སེམས་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་ངོ་མཚར་ཆེན་པོའི་ཆོ་འཕྲུལ་མཐོང་ནས། ཤིན་ཏུ་མིག་གདངས་ནས་བཅོམ་ལྡན
101b5 འདས་ལ་དབྱངས་གཅིག་ཏུ་ཡང་དག་པར་བསྟོད་དོ།། བཅོམ་ལྡན་རོ་གཅིག་གྱུར་པ་ཡི།། ལྷན་ཅིག་སྐྱེས་པའི་དགའ་བ་རྒྱས།། བཅོམ་ལྡན་མཆོག་ཏུ་ངལ་སོ་སྐྱེ།
101b6 ངག་གི་ལམ་གྱི་སྤྱོད་ཡུལ་འདས།། བཅོམ་ལྡན་ཉིད་ཀྱི་དགེས་མཉམ་གཏེར། འགྲོ་བ་གསུམ་པོ་ཡང་དག་བདེ། ཨེ་མ་ཧོ་ལྷན་ཅིག་བདུད་རྩི་ཡི།། རོ་བརྟེན
101b7 ཐུགས་རྗེ་ཆེན་པོ་ཀྱེ།། བཅོམ་ལྡན་སེམས་ཅན་ཐམས་ཅད་ཀྱི།། སེམས་ཅན་དོན་དུ་གསལ་བར་མཛོད།། དེ་ཉིད་གསུམ་ནི་རོ་གཅིག་པ།། ཕྱག་རྒྱ་ཆེན་པོའི་རབ
101b8 ཕྱེ་བ།། བཅོམ་ལྡན་རྣལ་འབྱོར་ཆེ་ལ་དགེས།། འཆིང་བ་ཐམས་ཅད་གཅོད་མཛད་པསྐྱེ།། བཅོམ་ལྡན་དགོས་པ་ཆེར་མཛད་པ།། འགྲོ་བ་སྐལ་བཟངས




iiif viewer powered by OpenSeadragon

101a - 102a

Texts on this page

F417 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba