| e-texts navigator |
| Wylie |
101a1 དང་ཐབས་གཅིག་ཏུ་བཞུག་སོ།། བཅོམ་ལྡན་འདས་དེ་ཡང་ཆོས་ཀྱི་འཁོར་ལོ་ནི་ཤིན་ཏུ་ཡོངས་སུ་བསྐོར། སངས་རྒྱས
101a2 ཀྱི་མཛད་པ་ནི་ཤིན་ཏུ་ཡོངསུ་མཐར་ཕྱིན། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ནི་ཤིན་དུ་ཡོངསུ་རྫོགས་པ་དེ།། འཁོར་རྣམས་ལ་ཞལ་རབ་ཏུ་འཛུམ
101a3 པ་དང་བཅས་པས་བཞུགསོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་རྒྱ་ཆེན་པོ་རྣམས་ལ་གཟིགས
101a4 ནས། དེ་དགེ་སྣོད་དུ་རུང་བར་བྱ་བའི་ཕྱིར། རྡོ་རྗེ་ཕྲེང་བ་མངོན་པར་བྱང་ཆུབ་པའི་ཐེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། བ་སྤུའི་བུ
101a5 ག་ཐམས་ཅད་ནས་འོད་ཟེར་གྱི་དྲ་བ་ཆེན་པོ་བཀྱེ་སྟེ་བཞུགས་སོ།། འོད་ཟེར་གྱི་དྲ་བ་ཆེན་པོ་དེས་ཀྱང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ
101a6 ལ་རེག་པས།། མཆོག་ཏུ་དགའ་བ་རྗེས་སུ་ཐོབ་པ་ནི་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཇི་ལྟ་བ་བཞིན་ནོ།། དེ་ནས་བྱང་ཆུབ
101a7 སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡིད་ཚིམ་པ་དང་། དགའ་བ་དང་། མགུ་བ་དང་། བདེ་བ་དང་། མཆོག་ཏུ་མགུ་བ་སྐྱེས་ནས་རྒྱལ་བར་འགྱུར་རོ།། །
101a8 དེ་ནས་ཡང་དེའི་དུས་ན་བཅོམ་ལྡན་འདས་ཀྱི་མཛོད་སྤུའི་འོད་ཟེར་གྱི་དྲ་བ་ཆེན་པོ་བསྡུས་པར་འགྱུར་རོ།། བསྡུས་པ་དེ་ཡང་རྡོ་རྗེའི་ལམ་ནས་ལྕགས་ཀྱིའི་རྣམ