| e-texts navigator |
| Wylie |
9b1 ཏེ་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་རྣམ་དག་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་ལུས་ཀྱིས་མངོན་སུམ་དུ་བྱས་ནས།
9b2 བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། བ་དེ་ཡང་ཡང་དག་པ་ཇི་ལྟར་བཞིན་དུ་བར་ཏུ་མཁྱེན་ཏོ། དགེ་སློང
9b3 དགེ་རབ་ཏུ་དབེན་པའི་དགའ་བ་དང་། མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ཏེ། རབ་ཏུ་དབེན་པའི་བདེ་བ་འགགས་པ་ལས་ཀྱང་རབ་ཏུ་དབེན་པའི་དགའ་བ་འབྱུང་བར་འགྱུར་ཏེ།
9b4 དགེ་སྦྱོང་དག་འདི་ལྟ་སྟེ། དཔེར་ན་གང་གི་གྲིབ་མ་བྲི་བ་དེའི་ཚེ། ཉི་མས་ཁྱབ་པར་བྱེད་ལ། གང་གི་ཚེ་ཉི་མ་འགྲིབ་པ་དེའི་ཚེ་གྲིབ་མས་ཁྱབ་པར་བྱེད་དོ།། དེ་བཞིན་དུ་རབ་ཏུ་དབེན་པའི
9b5 དགའ་བ་འགགས་པ་ལས་ཀྱང་ཡིད་མི་བདེ་བ་འབྱུང་བར་འགྱུར་ལ། ཡིད་མི་བདེ་བ་འགས་པ་ལས་ཀྱང་རབ་ཏུ་དབེན་པའི་དགའ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ཡང་རགས
9b6 བ། འདུས་བྱས། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ
9b7 དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས་ཕྱིར་ལོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་ཞུགས་སོ།། དགེ་སློང་དག་གཞན་ཡང་འདི་ནི་དགེ་སྦྱོང་ངམ་བྲམ
9b8 ཟེ་ལ་ལ་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན