| e-texts navigator |
| Wylie |
38a1 @པར་གཟེང་བསྟོད།། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་བདན་ལས་བཞེངས་ཏེ་གཤེགས་སོ།། མདོ་ཆེན་པོ་རྒྱལ་མཚན་མཆོག་ཅེས་བྱ་བ།།
38a2 རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། བྲད་ཉ་བར་མ་དང་ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལ་སྩོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ།
38a3 @##།། རྒྱ་གར་སྐད་དུ།། དྷྭ་ཛཱག་གྲན་ན་མ་མ་ཧཱ་སུ་ཏྲམ།། བོད་སྐད་དུ།། མདོ་ཆེན་པོ་རྒྱལ་མཚན་ད་དམ་པ་ཞེས་བྱ་བ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད
38a4 བདག་གིས་ཐོས་པའི་དུས་གཅིག་ནི།། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན
38a5 འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།། དགེ་སློང་དག་གལ་ཏེ་ཁྱེད་ཅག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁྱིམ་སྟོང་པ་ན་འདུག་ཀྱང་རུང
38a6 སྟེ། འཇིགས་པ་འམ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་དེའི་ཚེ། ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
38a7 པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྦྱར་བ། བླ་ན་མེད་པ་ལྷ་དང་མི་རྣམས
38a8 ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས། ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག། དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས