e-texts navigator
Collection
Volume
Page
Wylie

33a1 གསུངས་པ་ལ་མངོན་པར་བསྟོད་དོ།། བར་སྡོམ་ནི། སྨིན་མ་དང་ནི་སྒྱུ་མ་དང་། ར་རོ་བ་དང་སྒྲ་བརྙན་དང་། གཤེད་མ་དང་ནི་མེ་ལོང་དང་། ཟས་སྦྱིན་པ
33a2 དང་སྨིག་རྒྱུ་དང་།། རྐུན་པོས་གཙེས་པ་གྲོང་གནས་དང་། རྨི་ལམ་རྒ་སྤྱོད་ཟ་མ་ཏོག། ནོར་བུ་དཔུང་རྒྱན་རྣམས་དང་ནི། རྒྱུ་མའི་དྲ་བ་ཀུན་བསྡུས་པའོ།། མདོ་སྡེ་ཆེན་པོ་རྒྱུ་མའི་དྲ་བ
33a3 ཞེས་བྱ་བ།། རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་འཛིན་ན་མི་ཏྲ་དང་། བྲང་ཉ་བར་མ་དང་། རྐུ་ཆེན་གྱི་ལོ་ཆེ་བ་བན་དེ་ཡེ་ཤེས་སྡེ་ལ་སྩོགས་པས་བསྒྱུར་ཅིང་ཞུས་ཏེ།
33a4 གཏན་ལ་བབ་པ།། རྒྱ་གར་སྐད་དུ།། དྷ་ཛ་ག་གྲན་ན་མ་མ་ཧཱ་སུ་ཏྲེ་མ།། བོད་སྐད་དུ།། མདོ་ཆེན་པོ་མཚན་མཆོག་ཅེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
33a5 འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་ཡུལ་སྤོང་བྱེད་དུ། ཡུལ་རྒྱུ་ཞིང་གཤེགས་པ་ན་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་གྱི་ཁང
33a6 བ་བརྩེགས་པའི་གནས་ན་བཞུགས་སོ།། དེའི་ཚེ་ན་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་ཡུལ་རྡོ་འཇོག་དུ་ཚོང་བའི་ཕྱིར། ཡུལ་རྡོ་འཇོག་དུ་འགྲོ་བར་ཆས་པའི་ཡངས་པ
33a7 གྱི་ཚོང་པ་རབ་ཏུ་མང་པོ་དག་གིས། བཅོམ་ལྡན་འདས་ཡུལ་སྤོང་བྱེད་དུ་ཡུལ་རྒྱུ་ཞིང་གཤེགས་པ་ན། ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་གྱི་ཁང་པ
33a8 རྩེགས་པའི་གནས་ན་བཞུགས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་ཚོགས་ནས་ཚོགས་དང་། མང་པོ་ནས་མང་པོ་ལྷོགས་ཤིང་འདུས་ཏེ། ཡངས་པ་ཅན་ནས་བྱུང་ནས། བཅོམ




iiif viewer powered by OpenSeadragon

32b - 33b

Texts on this page

F375 - mdo chen po sgyu ma'i dra ba zhes bya ba
F376 - mdo chen po rgyal mtshan mchog ces bya ba