e-texts navigator
Collection
Volume
Page
Wylie

31a1 བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་གིས་རིན་པོ་ཆེའི་ཟ་མ་རྟོག་ཡིན་པར་སེམས
31a2 ཤིང་། སྦྲུལ་གྱི་ཟ་མ་ཏོག་བླངས་ཏེ་གྲོང་ཁྱེར་ཀུན་ཏུ་འབར་བ་ནས། འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས་གང
31a3 གི་ཚེ། དེ་སོ་སོར་རྟོག་པར་བྱེད་པ་ན། འདི་ནི་རིན་པོ་ཆེའི་ཟ་མ་ཏོག་མ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་།
31a4 རྣམ་པར་སྤོང་བར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས།
31a5 སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྤྱོད་པར་བྱེད་ལ
31a6 དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་བདག་གིས་སྡུག་བསྔལ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་པོ་ཁོ་ན
31a7 ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་དུ་བསམས་ཏེ། དེ་ལྟར་ན་བདག་སྔོན་གྱི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ
31a8 བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་དུ་འདུ་ཤེས་པར་གྱུར་ཏོ།། སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན།




iiif viewer powered by OpenSeadragon

30b - 31b

Texts on this page

F375 - mdo chen po sgyu ma'i dra ba zhes bya ba