| e-texts navigator |
| Wylie |
28b1 དག་གིས་རྨི་ལམ་ན། དགའ་མགུར་སྤྱོད་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། རྨི་ལམ་འབའ་ཤིག་ཡོད་དོ།། སེམས་སྐུ
28b2 བར་བྱེད་པ་དེ་འབའ་ཤིག་ཡོད་དེ་སྙམ་དུ་སེམས་སོ་དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། བདག་གིས་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་།
28b3 མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་གང་དག་ཡིན་པ་འདི་དག་རྟག་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན
28b4 ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཁ་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཉིད་དང་དེ་ཉིད
28b5 ཡིན་ལ། གསོབ་ཉིད་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བ་ཡི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ
28b6 བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས
28b7 བར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ
28b8 ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས། ལུས་དེ་ཀྱི་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་རྣམས་ནང་དུ་ཡང་དག