| e-texts navigator |
| Wylie |
17a1 བདག་གིས་ད་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དག་ལ་སྔོན་ཇི་ལྟར་བ་དེ་ལྟར་བསླབ་པར་མི་བྱ་ཞིང་བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ།
17a2 འདས་པ་དང་། མ་འོངས་པ་དང་། ད་ལྟར་འབྱུང་བའི་སྒྲ་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་བྱིན་ཅིང་ལོག་གམ། སེམས་བྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི
17a3 ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ
17a4 དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར
17a5 སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ནི་ཁ་ཅིག་ལ་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དེ་དག་ཉིད་ཡིད་དུ་འོང་བར་གྱུར་ལ། གཞན་དག་ལ
17a6 ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས
17a7 ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་ཡིད་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས
17a8 བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བར་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ