| e-texts navigator |
| Wylie |
15b1 རྣམ་པར་བསྟན་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཚལ་བའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ།
15b2 གླང་པོ་ཆེའི་ཚོགས་དང་། རྟ་བའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་གང་སྣང་བ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ།།
15b3 སེམས་ཅན་བྱིས་པའི་རང་བཞིན་དུ་མ་ཡིན་པ་དང་། རྨོང་བའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས
15b4 ཏེ། གླང་པོ་ཆེའི་ཚོགས་དང་། རྟ་བའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གང་སྣང་བ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ།
15b5 སྒྱུ་མར་བྱས་པ་བའི་ཤིག་ཡོད་དོ།། མིག་སླུ་བར་བྱེད་པ་འབའ་ཤིག་ཡོད་དོ།། སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་བདག་གིས
15b6 མིག་གིས་རྣམ་པར་ཤེས་པ་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་གང་དག་ཡིན་པ་འདི་དག་ལ། རྟག་པ་ཉིད་དམ། བརྟན་པ་ཉིད་པདམ། ཐེར་ཟུག་ཉིད་དམ།
15b7 དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། བཞན་མ་ཡིན་པ་དེ་བཞིན་ཉིད་དམ། བཞིན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད
15b8 དག་ཇི་ལྟ་བཞིན་ཉིད་དམ། མཆོང་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ