| e-texts navigator |
| Wylie |
11b1 འགགས་པ་ལས་ཀྱང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། ཁར་བ་ནམ་མཁའ་ལ་འཕངས་ན་ཡང་ན་ནི་ཡུ་བས
11b2 ཕྱིར་ལྟུང་ངོ་།། ཡང་ན་ནི་རྩེ་མོས་སོ།། དགེ་སློང་དག་དེ་བཞིན་དུ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འགགས་པ་ལས་ཀྱང་བདེ་བ་དང་སྡུག་བསྔལ་འབྱུང་བར་འགྱུར
11b3 ལ་བདེ་བ་དང་སྡུག་བསྔལ་འགགས་པ་ལས་ཀྱང་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚེར་རབ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ་བསམས
11b4 པརྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས
11b5 ཕྱིར་ལོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ།། དགེ་སློང་དག་གཞན་ཡང་འདི་ནི་དགེ་སྦྱོང་ངམ། བྲམ་ཟེ་ལ་ལ་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ
11b6 དག་རབ་ཏུ་སྤངས་ཏེ། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས། དེ་ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས
11b7 ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཡང་དག་པར་འདས་ཀྱང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལས་ཀྱང་ཡང་དག་པར་འདས་ནས། འདི
11b8 སྐད་ཅེས་སྨྲས་ང་ནི་ཞི་བའོ།། ང་ནི་མྱ་ངན་ལས་འདས་པའོ།། ང་ནི་སྲིད་པ་མེད་པའོ།། ང་ནི་ཉེ་བར་ལེན་པ་མེད་པ་སྟེ། ངས་སྔོན་བདག་ཡོད་པར་འགྱུར་བ་དེ་ནི་དལྟ་ང་ལ་མེད་དོ།། ཞེས་ཟེ་ཅེ