| e-texts navigator |
| Wylie |
10b1 པ་འདི་ལྟ་སྟེ། ཟང་ཟིང་མེད་པའི་བདེ་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ།། དགེ་སློང་དག་ཟང་ཟིང་མེད་པའི་བདེ་བ་ཡང་མི་རྟག
10b2 པ་དང་། འགོག་པའི་ཆོས་ཅན་ཡིན་ཏེ། ཟང་ཟིང་མེད་པའི་བདེ་བ་འགགས་པ་ལས་སྡུག་བསྔལ་འབྱུང་བར་འགྱུར་ལ། སྡུག་བསྔལ་འགགས་པ་ལས་ཀྱང་ཟང་ཟིང་མེད་པའི་བདེ་བ
10b3 འབྱུང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་འབབ་པའི་ཆུ་ནི་ལན་འགའ་འབྲི་ཞིང་ལན་འགའ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་ཟང་ཟིང་མེད་པའི་བདེ་བ་འགགས་པ་ལས་ཀྱང
10b4 སྡུག་བསྔལ་འབྱུང་བར་འགྱུར་ལ། སྡུག་བསྔལ་འགགས་པ་ལས་ཀྱང་ཟང་ཟིང་མེད་པའི་བདེ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ཡང་རགས་པ། འདས་བྱས་པ་བསམས་པ།
10b5 རྟེན་ཅིང་འབྲེལ་བར་འགྱུར་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ
10b6 ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ།། དགེ་སློང་དག་གཞན་ཡང་འདི་ནི་དགེ་སྦྱོང་ངམ། བྲམ་ཟེ་ལ་སྔོན་གྱི་མཐའ་དང་ལྡན
10b7 བའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་རྣམ་པ་དག་ཀྱང་རབ་དུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན
10b8 བའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་སྟེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན