| e-texts navigator |
| Wylie |
156b1 བརྡུང་བར་བྱེད་པ་ཡང་།། ཤིང་དེ་ཉིད་ལས་འབད་དེ་བྱ།། སོར་བཅུ་གཉིས་ཀྱིས་ཚད་དག་ལ།། ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ།། ཆང་གཟུངས་ཚད
156b2 ཀྱང་དེ་བཞིན་ཏེ།། ཤིན་ཏུ་འཇམ་དང་རྩིགས་མཉམ་པར།། གང་ཕྱིར་དེ་བརྡུངས་བཞག་དགོས་པས།། འོག་ཏུ་ཡང་ནི་ཁྲི་བྱ་བ།། གཙུག་ལག་ཁང་གི་སྒོ་སྟེང
156b3 དམོ།། ཡང་ན་དབུས་མིའི་སྟེང་དུ་བྱ།། དེའི་རབ་གནས་བྱ་བ་ནི།། ཤིན་ཏུ་བསྟན་པ་ཆོས་ཀྱི་སྐུ།། སྐྱེས་པ་མ་ཡིན་འཇིག་བྱེད་མིན།། འདོད་ནས་མ་སྐྱེས་པ
156b4 དགེ་བ།། དེ་ལྟར་རབུ་གནས་བྱས་ན།། དེ་ནི་སྦྱིན་བྱེར་གྱུར་པ་ཡིན།། འགན་དེ་སྤྱན་ཕྱེ་བྱས་ནས་ཀྱང་།། དེའི་འོག་ཏུ་གཙུག་ལག་ཁང་།། ཀླུ་བདུན་གྱིས་ནི
156b5 རྒྱན་པ་ལྟར།། བསྐྱེད་པའི་རིམས་ཀྱིས་བརྡུང་བར་བྱ།། དེའི་འོག་ཏུ་དཀོན་མཆོག་གསུམ་ལ་ནི།། ཕྱག་བྱས་ནས་ནི་གདུང་བྱ་ཞིང་།། ཥད་ཆེ་ལན་སུམ་བརྗོད
156b6 པས་ནི།། ཆོས་ཀྱི་རྔ་རྣམས་བརྡུང་བར་བྱ།། མེ་ཏོག་གིས་མཆོད་དེ་བཞིན་འཁྲུས།། ཟན་ཟ་ཉི་མ་ཤར་ནུབ་ཚེ།། དུས་གསུམ་ལ་ནི་ལེན་གསུམ་ལེན
156b7 གསུམ་སྟེ།། སྐུ་ཁྲུས་ཚེན་ལན་གཉིས་བསྔགས།། གློ་བུར་གནོད་དང་ཆར་མི་འབབ།། དེ་བཞིན་འཐབ་དང་རྩོད་པ་དང་།། གློག་དང་གནོད་པ་ཆེན་པོ་དང་།
156b8 གནས་བརྟེན་རྣམས་ནི་སྤྱན་འདྲེན་དང་།། ནད་དང་མུག་གི་ཞིག་པའི་ཕྱིར། མ་འཆོམ་རིམས་ཀྱིས་བརྡུང་བར་བྱ།། དགེ་སློང་རྣམས་དགེ་ཚུལ་གྱིས།