e-texts navigator
Collection
Volume
Page
Wylie

156a1 མྲ་སྟར་བུ་སྐྱུ་རུ་ར།། ཏི་ལ་ཏི་ས་ར་ཨེ་ཤོ་ཀམ།། འདི་དག་ཐམས་ཅད་མེད་ན་ཡང་། འོལ་སེ་ལས་ནི་འབད་ཏེ་བྱ།
156a2 རྒྱལ་པོ་འབད་པ་ཐམས་ཅད་དུ།། འདི་དག་མེད་ན་མི་བྱའོ།། ཚད་མེད་གན་ངན་ལས་བྱས་དང་།། བརྡུངས་ན་སྒྲ་ནི་མི་འབྱུང་བའི།། སངས་རྒྱས་ཡུལ་འདི
156a3 བརྡུངས་ན་ནི། ཡུལ་འཁོར་འཆེ་བ་ངེས་པར་འབྱུང་།། གཙུག་ལག་ཁང་དུ་དགེ་སློང་རྣམས།། དེ་བཞིན་བློ་ནི་མི་མཐུན་དང་།། ཉེ་བར་བརྗོངས་པ་འབྱུང་འགྱུར་ཞིང་།། །
156a4 རྣམ་པ་དུ་མར་བརྩོད་པར་འགྱུར།། མུ་སྟེགས་ཅན་གྱི་དབང་འགྱུར་ཞིང་།། བདུད་ཀྱང་འབྱུང་བར་འགྱུར་བ་ཡིན།། གདུག་པའི་ཀླུ་ནི་དུ་མ་ཡིས།། འབྲུ་རྣམས
156a5 ཀྱང་ནི་ཉམས་པར་བྱེད།། རྒྱལ་ཁམས་འདིར་ཡང་སེམས་ཅན་རྣམས།། རྣམ་པར་འཇིག་པ་ཉིད་དུ་འགྱུར།། གཙུག་ལག་ཁང་ཡང་འཇིག་འགྱུར་ཞིང་།།
156a6 ཆོས་ཀྱང་ནུབ་པར་འགྱུར་བ་ཡིན།། བདུད་ཀྱི་རྣམས་དགེ་སློང་གི།། དགེ་འདུན་ཤིན་ཏུ་མ་བསྡམས་བྱེད།། དེ་ལྟར་ཡང་དག་ཤེས་ནས་ཀྱང་།། ལེགས་པར
156a7 ཡོངས་སུ་བསྟག་ཏེ་བྱ།། ཚད་ནི་ཆུ་ངུ་སེར་ཚད་ཀྱི།། གྲངས་ནི་བརྒྱ་བཅུ་ཉིད་བྱ་ཞིང་།། ཞེང་དུ་སོར་དྲུག་བྱ་བ་སྟེ།། དབངས་སུ་ཡང་ནི་སོར་གཉིས་བྱའོ།།
156a8 སོར་མོའི་ཚིགས་ཀྱི་ཚད་དག་གིས།། ཟུར་བཞིར་ཚད་ནི་གཉིས་པ་ནི། ལེགས་མཉམ་ཉིད་ནི་ཤིན་ཏུ་གསལ།། བརྩེ་གཉིས་སྦལ་བའི་མགོ་བཞིན་ནོ།། དེ་ནས




iiif viewer powered by OpenSeadragon

155b - 156b

Texts on this page

F370 - gaN DI'i mdo