e-texts navigator
Collection
Volume
Page
Wylie

155a1 བཅོམ་ལྡན་འདས་མཐོང་ལེགས་སོ།། བདེ་བར་གཤེགས་པ་མཐོང་ལེགས་སོ།། ཁུམས་ཤིང་ཀུན་ཏུ
155a2 ཁུམས་ལ་འཚལ་ཅིང་རབ་ཏུ་རྟོགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསལ་རྒྱལ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་མ། སངས་རྒྱས
155a3 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱེད་པ། ཉན་ཐོས་དང་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱས་ཐམས་ཅད
155a4 ཀྱིས་ཕྱག་བྱས་པ། མཆོད་པ་བསམ་པ་བསྒྲོགས་པ། ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པའི་སྒྲའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ
155a5 པའི་བྱེད་པ་དང་། མུ་སྟེགས་པ་ཐམས་ཅད་རྣམ་པར་འཇིགས་པར་བྱེད་པ། སྡང་བའི་སེམས་འདུལ་བར་བྱེད་པ། སྡིག་པའི་སེམས་འཇོམས་པར
155a6 བྱེད་པ། ཞེ་སྡང་གིང་སེམས་རྣམས་པར་སེལ་བར་བྱེད་པ། གཏི་མུག་གི་སེམས་རབ་ཏུ་འཇིག་པར་བྱེད་པ། འདོད་ཆགས་ཀྱི་སེམས་རྣམ་པར
155a7 སྤོངས་པར་བྱེད་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་སྐྱོང་བར་བྱེད་པ། སངས་རྒྱས་ཀྱི་སེམས་འཕེལ་བར་བྱེད་པ། སངས་རྒྱས་འབྱུང་བ་བསྟན
155a8 བར་བྱེད་བ། འབབ་བ་དེང་གྱིད་པ་དང་། འཇུག་པོ་དང་། རྩོང་བ་དང་། སྡུག་བསྔལ་བ་དང་། ཟིལམ་ངན་པ་དང་།




iiif viewer powered by OpenSeadragon

154b - 155b

Texts on this page

F370 - gaN DI'i mdo