| e-texts navigator |
| Wylie |
154b1 མུག་དང་། ཀུན་ཏུ་ལྡན་པའི་ཕ་རོལ་གྱི་ཡུལ་རྣམས་ལ་མཆོག་ཏུ་ཞེན་པ་གཅིག་ལ་གཅིག་ཟ་བ་ལ་མངོན་པར་བརྩོན་པ། བཅོམ་ལྡན་འདས་ཀྱིས་སྔོན་གསུངས
154b2 པའི་དུས་འཇིག་པར་བྱེད་པ། དམ་པའི་ཆོས་སྤོང་བར་བྱེད་པ། སངས་རྒྱས་དང་ཆོས་དང་། འདོད་ཆགས་དང་བྲལ་བ་རྣམས་སུན་འབྱིན་པ་དེ་རྣམས་གཞག
154b3 པའི་ཐབས་གང་གིས་བྱང་ཆུབ་ལ་མཆོག་ཏུ་གཞོལ་བར་འགྱུར་བའི་ཐབས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ
154b4 ཀྱི་སྩལ་པ། རྒྱལ་པོ་ཆེན་ཁྱེད་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་། བདེ་བའི་ཕྱིར་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ཡང་དག་པར་སྔ
154b5 བའི་ཕྱིར་འདྲི་བར་བྱེད་ལ། ལེགས་སོ་ལེགས་སོ།། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་གཟུང་ཞིག་དང་། ངས་བཤད་པར་བྱའོ།། དེ་ནས་བཅོམ་ལྡན
154b6 འདས་དེའི་ཚེ། ཀུན་ཏུ་སྒྲ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་དེའི
154b7 ཚེ་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་དང་། སྡང་བའི་སེམས་དང་ལྡན་པ་ཐམས་ཅད་ཀྱང་སྡང་བའི་སེམས་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གཞོལ
154b8 བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསེལ་རྒྱལ་ཁྱོད་ཀྱིས་མཐོང་ངམ། ཟོས་སམ། ཀུན་ཏུ་ཤེས་སམ། རྟོགས་སམ།