| e-texts navigator |
| Wylie |
154a1 རྒྱའི་དཔེའ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ
154a2 གར་སྐད་དུ།། གརྦྷེ་སུཏྲ། བོད་སྐད་དུ། གཎྜཱིའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
154a3 འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ས་ན་ཀཱ་གནས་ན། དགེ་སློང་སྟོང་དུ་ཆང་བའི་དགེ་སློང་གི་དགྱེ
154a4 འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་ཟད་པ། བྱ་བ
154a5 བྱས་པ། བྱེད་པ་བྱས་པ། ཁུར་བོར་པོ།། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན
154a6 ཏུ་རྣམ་པར་གྲོལ་བ་རྣམས་དང་། བཅོམ་ལྡན་འདས་ཐབས་ཅིག་གོ། དེའི་ཚེ་རྒྱལ་པོ་གསོལྟ་ཞེས་བྱ་བ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར
154a7 སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མ
154a8 འོངས་པའི་དུས་སུ་བརྩོད་པའི་དུས་ཀྱི་ཚེ། སེམས་ཅན་སྡིག་པའི་སེམས་དང་། འཐབ་པའི་སེམས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི