| e-texts navigator |
| Wylie |
152b1 ཀྱིས་བཤད་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་མེ་ཏོག་གི་ཚོགས་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།།
152b2 རྒྱ་གར་གྱི་མཁན་པོ་གཉན་སི་དི་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་དར་མ་ཏ་ཤི་ལ་ལ་སོགས་པས་ཞུས་པ་སྟེ་ཏན་ལ་ཕབ་པའོ།།
152b3 འཁར་སིལ་བཅང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག། འཁར་སིལ་ཡང་དག་པར་ལེན་པར་འདོད་པས། བཙུན་པ
152b4 གཅིག་གི་མདུན་དུ་བུས་མོ་ས་ལ་བཙུགས་ཏེ། འདི་སྐད་དུ་བཙུན་པ་དགོངས་སུ་གསོལ།། བདག་མིང་འདི་ཞེས་བགྱི་བ་དེང་བཙུན་པ་ལས་འཁར་སིལ་བཅང་བའི
152b5 སློབ་དཔོན་དུ་གསོལ་ལོ།། ཞེས་ལན་གསུམ་དུ་བརླས་པར་བྱའོ།། །། དགོངས་ཤིག་ཚེ་དང་ལྡན་པ་ཁྱོད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས
152b6 བསྐྱེད་ནས། འཁར་སིལ་ཡང་དག་པར་བླངས་ཏེ། ཆོས་བཞིན་དུ་སྤོད་པར་བྱེད་དམ། ལག་པ་ཡོངས་སུ་མི་བཙངས་པས། དེ་ཡོངས་སུ་བཟུང
152b7 བར་མི་བྱ། དགེ་འདུན་གྱི་གནས་སུ་འཇུག་པའི་ཚེ་མགོ་དང་མ་རྩེ་དབྱུང་པོར་བྱའོ།། ས་ལ་བཞག་པར་མི་བྱའོ།། གལ་ཏེ་ཁྱིམ་པའི་ཁྱིམ་དུ་འཇུག་ན།
152b8 མ་རྩ་རྨྱབ་ལོགས་སུ་བསྟན་པར་བྱ། གལ་ཏེ་སྔ་གྲོ་ཁྱིམ་དུ་བསོད་ན་སྙོམས་ལ་འགྲོ་དགོས་པའི་རྐྱེན་ཚོགས་བྱུང་བ་ན། འཁར་སིལ་ལེན་གསུམ་གྱི་བར