e-texts navigator
Collection
Volume
Page
Wylie

152a1 ཡི།། མདོ་སྡེ་འདི་ནི་རབ་བཤད་པ།། དེ་ན་འཁོར་སུ་གང་དག་ནི།། སངས་རྒྱས་མཚམས་གནས་མ་གཏོགས
152a2 བར།། གང་གཞན་ཐོས་པ་ཐམས་ཅད་ནི།། སངས་རྒྱས་བླ་ན་མེད་པར་འགྱུར།། ཕྱོགས་བཅུ་དག་ནི་ཐམས་ཅད་དུ།། གང་གའི་བྱེ་རྙེད་ཞིང་ནས་ནི།། བྱང
152a3 ཆུབ་སེམས་དཔས་ལྷགས་ནས་སུ།། མཉན་ནས་ཕྱིར་ཡང་སོ་སོར་དོང་།། མདོ་སྡེ་འདི་ན་བཤད་པའི་ཚེ།། དགེ་སློང་བྱེ་བ་མང་ཆད་པ།། དེ་དག་ཐམས
152a4 ཅད་དགྲ་བཅོམ་གྱུར།། དེ་དག་གིས་ནི་འདྲེན་པ་མཐོང་།། དགེ་སློང་དག་ནི་བརྒྱ་སྟོང་དང་།། དགེ་སློང་མ་ཡང་དེ་བཞིན་ཏེ།། སྟོང་ཕྲག་དྲུག་བཅུར་ཚང་བ
152a5 ཡིས།། དེ་ཚེ་ཆོས་ལ་བཟོད་པ་ཐོབ།། མི་སྐྱེ་བའི་ཆོས་རྣམས་ལ།། བཟོད་པ་བླ་ན་མེད་ཐོབ་ནས།། དེ་དག་སངས་རྒྱས་རྣམས་ལྟ་ཞིང་།། སྲོག
152a6 ཆགས་རྣམས་ལ་ཆོས་ཀྱང་འཆང་།། དགེ་སློང་མ་ནི་ལྔ་བརྒྱ་དང་།། དགེ་བསྙེན་མ་ནི་བཞི་བཅུ་དག། རང་རང་གིས་ནི་གོས་རྣམས་ཀྱིས།། དེ་བཞིན་གཤེགས
152a7 ཀྱི་སྐུ་ལ་གསོལ།། བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ནས།། ཚེ་དང་ལྡན་པ་ཤ་རིའི་བུ་ཡིད་རངས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
152a8 བོ།། དགེ་དང་། དགེ་སློང་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས




iiif viewer powered by OpenSeadragon

151b - 152b

Texts on this page

F368 - 'phags pa me tog gi tshogs zhes bya ba theg pa chen po'i mdo