e-texts navigator
Collection
Volume
Page
Wylie

151b1 ག་ལས་འོང་།། དེ་བཞིན་བླ་མེད་སངས་རྒྱས་ཀྱང་།། བསོད་ནམས་ཆུ་ངུས་ཐོས་ནས་ནི།། མིག་ལ་གནོད་བྱེད་བློ་ཅན་རྣམས།། དེ་དག་དད་པར་ག་ལ་འགྱུར།།
151b2 ནོར་དང་མཛོད་རྣམས་མང་པོ་དག། ནོར་བུ་རིན་ཆེན་ཐོས་ནས་ནི།། ཤིན་ཏུ་བརྒྱན་པར་བྱའོ་ཞེས།། དེ་དག་ཡང་དག་ཡང་དང་ཡང་།། དེ་བཞིན་ཤེས་རབ
151b3 ཆེན་པོ་ཡང་།། སངས་རྒྱས་ཀྱི་ནི་མཚན་ཐོས་ནས།། ཇི་ལྟར་བྱང་ཆུབ་རེག་འགྱུར་ཞེས།། དེ་དག་ཡོངས་སུ་ཚོལ་བར་བྱེད།། དམན་པའི་ལས་དང་ལྡན་པ་དང
151b4 སྡིག་པ་འདོད་དང་གཡོ་འཆན་དང་།། ཤེས་རབ་བསོད་ནམས་མེད་པ་ལ།། འདི་ལྟར་བུའི་ཐོས་པ་མེད།། འདོད་ཆགས་ཀྱིས་ནི་ཆགས་གྱུར་དང་།། གཏི
151b5 མུག་གིས་ནི་རྨོངས་པའམ།། ཆགས་པས་གཟིལ་གྱིས་ནོན་པ་ལ།། འདི་ལྟ་བུའི་ཐོས་པ་མེད།། ང་རྒྱལ་ཅན་དང་ཁེངས་པ་དང་།། ལེ་ལོ་ཅན་དང་བློ
151b6 ཅུང་དང་།། མུ་སྟེགས་གཞན་ལ་བརྩོན་པ་ལ།། འདི་ལྟ་བུའི་ཐོས་པ་མེད།། ཁྱེ་བྱེ་བ་སྟོང་གི་ལྷ་རྣམས་ནི།། ཀྱེ་མ་སངས་རྒྱས་ཀྱེ་མ་ཆོས།། ཀྱེ་མ
151b7 དགེ་འདུན་བླ་ན་མེད།། དེ་ཞེས་དེ་ཆེ་སྒྲ་ཡང་སྒྲོགས།། མེ་ཏོག་གི་ཡང་ཆར་འབེབས་ཤིང་།། སྟོང་གསུམ་འདིར་ནི་རབ་ཏུ་གཏོང་།། སིལ་སྙེན་བྱེ་བ
151b8 དཀྲོལ་བར་བྱེད།། སྤོས་ཀྱིས་ས་ལ་ཚིག་ཆག་བཏབ།། ཞིང་འདི་སྣང་བར་བྱས་ནས་ནི།། རྣམ་པ་དྲུག་ཏུ་གཡོ་བར་བྱས།། མེ་ཏོག་བསུགས་པ་དག་པ




iiif viewer powered by OpenSeadragon

151a - 152a

Texts on this page

F368 - 'phags pa me tog gi tshogs zhes bya ba theg pa chen po'i mdo