e-texts navigator
Collection
Volume
Page
Wylie

151a1 སྒྲོན་མ་དེ་མཚན་ནི།། རིན་ཆེན་ཀུན་གྱིས་འཕགས་པ་སྟེ།། རབ་ཏུ་བརྒྱན་པའི་གཟུགས་འཛིན་པ།།
151a2 ཆོས་ཏོག་རྒྱལ་མཚན་དྲང་སྲོང་སྟེ།། བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་།། འདྲེན་པ་ཆོས་རྣམས་སྟོན་པ་མཛད།། འཇིག་རྟེན་དུ་ནི་མ་བསྐོར
151a3 བ།། ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར།། དེའི་མཚན་ཀྱང་ཐོས་ནས་ནི།། བསྐལ་པ་བས་རྒྱར་ཡང་མི་འཁོར་ཞིང་།། ཕྱིར་མི་ལྡོག་པའི་འཁོར་ལོ་ཡང་།།
151a4 བླ་ན་མེད་པ་ཐོབ་པར་འགྱུར་རོ།། གང་དག་གིས་ན་ནི་མཚན་བརྗོད་པ།། ཆོས་ཀྱི་རྒྱལ་པོ་དེ་དག་དང་།། རང་བྱུང་དག་ནི་བཞུགས་པ་དང་།། འཇིག་རྟེན
151a5 ངག་གི་ཁམས་ཀྱང་རུང་།། མིང་དང་རིགས་ནི་རྣམ་པར་དག། སྤྱོད་པ་དག་ཀྱང་རྣམས་དག་པ།། ཆོས་ཀྱི་སྤྱན་རྣམ་པར་བདག། ཆོས་རྣམས་ཀུན་ཀྱང་རྣམ
151a6 སྦྱངས་པ།། ཤེས་རབ་ལྡན་པའི་སྤྱོད་ཡུལ་གྱི།། བླ་ན་མེད་པའི་ཡེ་ཤེས་ལ།། སྐྱེ་བོ་མང་པོ་གང་དག་ནི།། ཤིན་ཏུ་འདོད་པ་ཤ་རིའི་བུ།། གང་དག་ཕྱི
151a7 མིའི་དུས་འབྱུང་བ།། ཤིན་ཏུ་འཇིག་པར་གྱུར་པའི་ཚེ།། ཆོས་འདི་རབ་ཏུ་ཉན་འགྱུར་ཞིང་།། ཐོས་ནས་དད་པར་བྱེད་པ་ལ།། ཐེ་ཙོམ་མེད་པར་དེ་དག་གིས།
151a8 ཤ་རིའི་ས་ངལ་བསྙེན་བཀུར་བྱས།། ཇི་ལྟར་རིན་ཆེན་རིན་ཐང་མེངད་།། དབུལ་པོས་མཐོང་ན་ཞུམ་གྱུར་ཏེ།། གང་གིས་ཆེན་སྦེད་འགྱུར་བ།། ད་ལྟའི་ནོར་ན




iiif viewer powered by OpenSeadragon

150b - 151b

Texts on this page

F368 - 'phags pa me tog gi tshogs zhes bya ba theg pa chen po'i mdo