e-texts navigator
Collection
Volume
Page
Wylie

148b1 ན་མེད་པ་མཁས་པ་དང་ལྡན་པའི་སེམས་ཅན་ཡང་རྙེད་པར་འགྱུར། ཚེ་འདི་ལ་ཡོན་ཏན་འདི་དག་ཐོབ་པར་འགྱུར་ཏེ། ཤ་རིའི་བུ་དེ་བཞིན་གཤེགས་པ
148b2 དེ་ནི་ཡོན་ཏན་དང་ཕན་ཡོན་ཆད་མེད་དོ།། དེའི་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ནམ་མཁའ་ཡོངས་སུ
148b3 བརྒྱན་པའི་ཞིངད་དེ་ན་གྲགས་ཆེན་སངས་རྒྱས་ན།། ཆོས་ཀྱི་ནམ་མཁའ་སྒྲོན་མ་མཚན།། སྐྱེས་བུ་དག་གི་ཁྱུད་མཆོག་སྟེ།། དེའི་མཚན་ཀྱང་ཐོས་ནས
148b4 ནི།། སྐལ་བ་དྲུག་བཅུར་ཕྱིར་ཟློག་ཅིང་།། བླ་མེད་སངས་རྒྱས་ཆོས་རྣམས་དང་།། སངས་རྒྱས་འགྲོ་བའང་ཐོབ་པར་འགྱུར།། སངས་རྒྱས
148b5 དཔའ་བོ་ཆེན་པོ་དག། ཚེ་འདི་ཉིད་ལ་མཐོང་བར་འགྱུར།། ལྷག་པའི་བསམ་པ་བྱམས་པའི་སེམས།། དཀྱིལ་འཁོར་ལྔ་ཡིས་ཕྱག་བྱས་ཏེ།། མི
148b6 ལམ་ན་ཡང་རྫོགས་སངས་རྒྱས།། ཀུན་ཏུ་བཟང་པོ་མཐོང་བར་འགྱུར།། ཡིད་ཀྱི་རྟོག་པ་གཞན་མི་སེམས།། ཆོས་ཀྱི་རྒྱལ་པོ་དྲུག་ནས་སུ།
148b7 གེས་ལ་མཁས་པའི་སེམས་ཅན་རྣམས།། བསྙེན་བཀུར་བྱ་བ་བརྙེད་པར་འགྱུར།། དེའི་ཚེ་འདིའི་ཡོན་ཏན་ཏེ།། སྟོན་པ་ཡོན་ཏན་ཆད་མེད་ཅིང་།།
148b8 ཆོས་ཀུན་གྱི་ཡང་ཕ་རོལ་བྱིན།། ཕུན་སུམ་ཚོགས་པ་ཀུན་གཉེར་བས།། བྱམས་པའི་སེམས་ཀྱིས་ཕྱག་གྱིས་ཤིག། སྟེང་གི་ཕྱོགས་ཤིན་ཏུ་རྣམ་པར




iiif viewer powered by OpenSeadragon

148a - 149a

Texts on this page

F368 - 'phags pa me tog gi tshogs zhes bya ba theg pa chen po'i mdo