| e-texts navigator |
| Wylie |
148a1 དེའི་མཚན་ཀྱང་ཐོས་ནས་ནི།། མི་ཁོམ་ཐམས་ཅད་རྣམ་པར་སྤོང་།། བསྐལ་པ་ཉི་ཤུར་འདོར
148a2 བར་བྱེད།། མྱུར་ཏུ་བྱང་ཆུབ་འཚང་ཡང་རྒྱ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་གསེར་གྱི་ཤིང་ཏ་ལ་རབ་ཏུ་བརྒྱན་པ་ཞེས་བྱ་བ་ན། དེ་བཞིན
148a3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏ་ལའི་རྒྱལ་པོ།། མངོན་པར་འཕགས་པའི་དཔལ་ཞེས་བྱ་བ་བཞུགས་ཏེ། དེའི
148a4 མཚན་ཐོས་ན་སེམས་ཅན་ཐམས་ཅད་ལས་མངོན་པར་འགྱུར་རོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཏ་ལ་ནམ་མཁའ་ལ་ཉེ་བ་ཞེས་བྱ་བ་ན། དེ
148a5 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ནམ་མཁའ་སྒྲོན་མ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན། བསྐལ
148a6 བ་དྲུག་བཅུར་འཁོར་བ་ལ་རྒྱབ་ཀྱི་ཕྱོགས་པ་བྱས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡང་དགེ་པར་འགྲོ་བ་ལས་ཀྱང་ཕྱིར་མི་ལྡོག་གོ།། ཚེ་འདིང་ལ་དེ
148a7 བཞིན་གཤེགས་པ་མཐོང་བ་ཡང་ཐོབ་པ་འགྱུར་རོ།། ཟ་ན་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་དེ་ལ་ཡན་ལག་ལྔས་ཕྱག་འཚལ་ལོ།། སངས་རྒྱས
148a8 བཅོམ་ལྡན་འདས་རྣམ་ལ། ལྷག་པའི་བསམ་པས་རི་མོ་བྱེད་པར་འགྱུར་རོ།། ལྟ་བར་བྱ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བླ