| e-texts navigator |
| Wylie |
10b1 ལུས་ལ་ཡོད་པ་ལྟ་བུ་མ་ཡིན་པ་ཆེས་ལྷག་པའི་སྲིན་བུའི་ཚོགས་ཉི་ཤུ་རྩ་ལྔ་ཡོད་དེ། ཤ་རིའི་བུ་བུད་མེད་ཀྱི་མགོ་བོའི་ཀླད་པའི་ནང་ན། སྲིན་བུའི་ཚོགས་འཕྲོགས་བྱེད་ཅེས་བྱ་བ་དག་ཡོད
10b2 དེ་དེ་དག་བུད་མེད་ཀྱི་ཀླད་པ་ལ་ཟ་བར་བྱེད་དོ།། ཤ་རིའི་བུ་བུད་མེད་ཀྱི་སྣའི་ནང་ན་སྲིན་བུའི་ཚོགས་ཁ་རྫོགས་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་ཁ་སྤ་ལ་ཟ་སྟེ། དེ་ནས་བུད་མེད་ལ
10b3 ཁ་སྤ་མི་སྐྱེའོ།། ཤ་རིའི་བུ་བུད་མེད་ཀྱི་རྣ་ཁུང་ན་སྲིན་བུའི་ཚོགས་ཟ་བར་བྱེད་པ་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་རྣོ་བ་ལ་ཟ་ཞིང་བུད་མེད་ཀྱི་རྣ་བ་ལ་འབིགས་པར་བྱེད་དོ།། ཤ་རིའི་བུ་བུད་མེད
10b4 ཀྱེ་འགྲོན་པའི་འཚམས་དང་། མགོ་བོའི་མཚམས་ན། སྲིན་བུའི་ཚོགས་ཞེན་བྱེད་ཅེས་བྱ་བ་ཡོད་དེ། དེ་དག་བུད་མེད་ཀྱི་རྣ་བ་ཟ་ཞིང་། བུད་མེད་ཀྱི་རྣ་བ་འབིགས་པར་བྱེད་ལ། མིག་ཀྱང་རློམས་པར
10b5 བྱེད་དོ།། ཤ་རིའི་བུ་སྐྱེས་པའི་རྣ་བ་ལ་ན་མི་འབིགས་ཀྱི། བུད་མེད་ཀྱི་རྣ་བ་ལ་འབིགས་སོ།། ཤ་རིའི་བུ་བུད་མེད་ལ་སྲིན་བུའི་ཚོགས་ཨ་བ་རེ་བེན་ཞེས་བྱ་བ་དག་ཡོད་དོ།། དེ་དག་རྟག་ཏུ་རྒྱུན་མི
10b6 ཆད་པར་བུད་མེད་ཀྱི་ཁ་ལ་ཟ་སྟེ། དེས་ན་བུད་མེད་མགུལ་མངའ་ཡིན་ཏེ། སྐྱེས་པ་ལ་ནི་དེ་ལྟ་བུ་མེད་དོ།། བཟའ་བ་དང་། བཅའ་བ་ཁར་བཅུག་མ་ཐག་ཏུ། ཐོག་མར་དེ་དག་ཟ་བར་བྱེད་དོ།། དེ་དག
10b7 ཉལ་ཉི་ལ་བུད་མེད་ཀྱི་ན་མའི་དྲུང་དུ་འཇོག་སྟེ། དེས་ན་བུད་མེད་ཀྱི་ནུ་མ་འབྱུང་བ་ཡིན་ནོ།། གང་གི་ཚེ་བུད་མེད་སྦྲམ་མར་གྱུར་པའི་ཚེ། སྲིན་བུ་དེ་དག་ཀྱང་སྦྲུམ་པར་གྱུར་ཏེ། དེ་ན་བུད་མེད་ཀྱི་ནུ་ཞོ་མང་བ་ཡིན