e-texts navigator
Collection
Volume
Page
Wylie

336b1 སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ།། རིགས་ཀྱི་བུ་རང་བཞིན་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའོ།། ཏིང་ངེ་འཛིན་རྣམ་པར་དག་པ་ནི་ལོངས་སྤྱོད
336b2 རྫོགས་པའི་སྒྲའོ།། སྤྱོད་པ་རྣམ་པར་དག་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་གསུམ་ནི་འདི་ལྟར་བལྟ་བར་བྱ་སྟེ། ཆོས
336b3 ཀྱི་སྐུ་ནི་དེ་བཞིན་གཤེགས་པའི་ངོ་བོ་གང་ལ་སྣང་ངོ་།། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའི་ངོ་བོ་གང་ལ་སྣང་ངོ་།། སྤྲུལ་པའི་སྒྲ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི
336b4 ངོ་བོ་གང་ལ་གནང་བར་གྱུར་ཏོ།། རིགས་ཀྱི་བུ་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་ཀྱི་སྐུའོ།། ཉོན་མོངས་པ་ཅན་གྱི་ཡིད་གནས
336b5 གྱུར་པ་ནི་མཉམ་ཉིད་ཀྱི་ཡེ་ཤེས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའོ།། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ།། སྒོ་ལྔ་རྣམ
336b6 པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། སྤྲུལ་པའི་སྐུའོ།། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ
336b7 སའི་སྙིང་པོ་ལ་སོགས་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས
336b8 གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་སྐུ་གསུམ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། རྫོགས་སོ།། །




iiif viewer powered by OpenSeadragon

336a - 337a

Texts on this page

F330 - 'phags pa sku gsum zhes bya ba theg pa chen po'i mdo