e-texts navigator
Collection
Volume
Page
Wylie

336a1 དང་དེའི་སེམས་རྣམ་པར་རྟོག་པ་མེད་པས། བདག་མཐོང་བར་འགྱུར་ཞིང་ཇི་ལྟར་སེམས་ཅན་དག་པར་འགྱུར་བ་དེ་ལྟ་དེ་ལྟར་བདག་གིས་ལུས་ཀྱི
336a2 ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་རྟག་ཏུ་འཇུག་པར་གྱུར་ཅིག། དུས་ཇི་ལྟ་བ་དང་། ཡུལ་ཇི་ལྟ་བ་དང་། སེམས་ཅན་རྣམས་ཀྱི་འདུལ་བ་དེ་ལྟ་བ་དེ་ལྟར
336a3 ཆོས་ཀྱི་དབྱིངས་འཁྲུགས་པ་མེད་པར་སྟོན་པར་གྱུར་ཅིག། འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབས་པར་བྱེད་པ་ཞེས་བྱ་བའི་ཡོངས་སུ་བསྔོ་བ་རྫོགས་སྷོ།།
336a4 རྒྱ་གར་གྱི་མཁན་པོ་བྱད་ཏྱ་པ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
336a5 རྒྱ་གར་སྐད་དུ། ཨཱརྱ་ཀ་ཡ་ཏྲི་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྐུ་གསུམ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས།
336a6 རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་རྒོད་ཕུང་པོའི
336a7 རི་ལ་སྙོམས་པར་བཞུགས་སོ།། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ
336a8 ལྡན་འདས་དེ་བཞིན་གཤེགས་པ་ལ་སྐུ་དུ་མངའ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སའི་སྙིང་པོ་དེ་བཞིན་གཤེགས་པ་ལ་སྐུ་གསུམ་མངརའ་སྟེ། ཆོས་ཀྱི




iiif viewer powered by OpenSeadragon

335b - 336b

Texts on this page

F329 - 'phags pa 'gro ba thams cad yongs su skyob par byed pa zhes bya ba'i yongs su bsngo ba
F330 - 'phags pa sku gsum zhes bya ba theg pa chen po'i mdo