| e-texts navigator |
| Wylie |
330a1 གང་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གྱི་ཐོག་མ་ནི་གང་ཡིན་ལེན་པའོ།། བར་མ་ནི་སྟེན་པའོ།། ཐ་མ་ནཱི་རབ་ཏུ་དགའོ།། རྣམ་པར་གྲོལ་བའི
330a2 ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ་སྟེ། ཀུན་ནས་བཏུས་པ་གསུམ་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་འདི་དྱ་ག་ར་པྲ་བྷ་དང་།
330a3 ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་རྩེགས་ཀྱིས་བརྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། @བོད་སྐད་དུ། ཟས་ཀྱི
330a4 འཚེ་བ་རྣམ་པར་དག་པ་ཐེག་པ་ཆེན་པོའི་མདོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་འོད་མའི་ཚལ་ན། དགེ་སློང་གི་དགེ་འདུན་ཆེན
330a5 པོ་ཁྲི་ཕྲག་ཕྱེད་དང་བཅུ་གསུམ་དང་། གཞན་ཡང་དགེ་སློང་བ་དང་། དགེ་སློང་མ་དང་། དགེ་སྙེན་པ་དང་། དགེ་བསྙེན་མ་དང་། ལྷ་ཀླུ་སྡེ་བརྒྱད་དང་། བྱང
330a6 ཆུབ་སེམས་དཔའ་མང་པོ་དང་། ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་མེའུ་འགལ་གྱི་བུ་ཆེན་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། འདི
330a7 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་སྔོན་གྲོང་ཁྱེར་དུ་བསོད་སྙོམས་ལ་མཆིས་པའི་ཤུལ་ཡོངས་སུ་མི་གྲངས་ཁྲི་སྟོང་རྙེད་མཆིས་ཏེ། དེ་དག་གི་མགོ།
330a8 ནི་རི་རབ་བཞིན་དུ་ཆེ། ཁོག་པ་ནི་རི་རབ་ལྷུན་པོ་བཞིན་དུ་ཆེ། མགྲིན་པ་ནི་ཁབ་བཞིན་ཕྲ། ཕན་ཚུན་སྐྱོད་ཅིང་འཆི་བ་ན། ཤིང་རྟ་ལྔ་བརྒྱ་ཤིན་དུ་ཁྲོལ་བའི