e-texts navigator
Collection
Volume
Page
Wylie

329b1 ནམ་ཞེས་བྱ་བ་ནི་སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད། སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད། སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན
329b2 པ་ཡང་ཡོད། སྦྱངས་པ་ཡང་མ་ཡིན་སྦྱངས་པ་སྨྲ་བ་ཡང་ཡོད་དོ།། དེ་ལ་སྦྱངས་པ་ཡང་ཡིན། སྦྱངས་པ་སྨྲ་བ་ཡང་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི། དགྲ་བཅོམ་པ
329b3 སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ།། སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡང་ཡོད་ཅེས་བྱ་བ་ནི། དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང
329b4 དག་པར་བླངས་པ་དང་མི་ལྡན་པའོ།། སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་སློབ་པ་འམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང་དག
329b5 པར་བླངས་པ་དང་ལྡན་པའོ།། སྦྱངས་པ་ཡང་མ་ཡིན་སྤྱད་པའི་ཡོད་ཏན་སྨྲ་བ་ཡང་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་སློབ་པ་འམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡང་དག
329b6 པར་བླངས་པ་དང་མི་ལྡན་པའོ།། སྦྱངས་པའི་ཡོན་ཏན་གྱི་མཚན་ཉིད་ནི་ཅི་ཡིན། འདོག་ནི་ཅི་ཡིན་ཉེ་བར་གནས་པ་ནི་ཅི་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གྱི་མཚན
329b7 ཉིད་ནི་འདོད་པ་ཆུང་བ་ཉིད་དོ།། མདོག་ནི་ཆོག་ཤེས་པའོ།། ཉེ་བར་གནས་པ་ནི་ཡོ་བྱད་བསྙུངས་པའོ།། རྣམ་པ་གཞན་དུ་མཚན་ཉིད་ནི་མ་འབབ་པའོ།།
329b8 མདོག་ནི་ཉེས་དམིགས་མེད་པའོ།། ཉེ་བར་གནས་པ་ནི་བརྩོན་པ་མི་འདོར་བའོ།། སྦྱངས་པའི་ཡོན་ཏན་གྱིས་ཐོག་མ་ནི་གང་ཡིན་པར་མ་ནི་གང་ཡིན། ཐ་མ་ནི




iiif viewer powered by OpenSeadragon

329a - 330a

Texts on this page

F327 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba