e-texts navigator
Collection
Volume
Page
Wylie

329a1 གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་བསྟེན་གྱི། ཞེས་སྤྱོད་པའི་མ་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་བསྟེན་པ་ནི་བསྒྲུབ
329a2 དཀའ་བ་ཡིན་པས། འདོད་ཆགས་སྤྱོད་པ་བསྒྲུབ་དཀའ་བ་ལ་བརྟེན་ནས། འདོད་ཆགས་རྣམ་པར་མནོན་པར་འགྱུར་ལ། གཏི་མུག་སྤྱོད་པ་ཡང་སྦྱངས་པའི་ཡོན་ཏན
329a3 བརྟེན་པར་བླངས་པ་ཡོ་བྱད་བསྙུངས་པོ་ལ་བརྟེན་ནས། རྟག་ཏུ་བག་ཡོད་པར་འགྱུར་ཞིང་བག་ཡོད་ན་གཏི་མུག་རྣམ་པར་གནོན་པར་འགྱུར་རོ།། དེ་ལྟ་བས་ན་འདོད
329a4 ཆགས་སྤྱོད་པ་དང་། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་བསྟན་པར་དགའོ།། ཞེ་སྡང་སྤྱོད་པ་ནི་སྒྲུབས་དགའ་ན། ཁྲིས་པའི་ནད་ལ་དྲོད་བག་བྱིན་པ་བཞིན་དུ་ཕྱིར
329a5 ཞེ་སྡང་སྐྱོ་བར་འགྱུར་རོ།། དེ་ལྟ་བས་ན་ཞེ་སྡང་སྤྱོད་པའི་སྦྱངས་པའི་ཡོན་ཏན་བསྟེན་པར་དགའ་བ་མ་ཡིན་ནོ།། གཞན་དག་ན་རེ་ཞེ་སྡང་སྤྲད་པ་ནི་དགོན་པ་ཉིད་དང་།
329a6 ཤིང་དྲུང་པ་ཉིད་ལ་དགའོ།། དེ་ཅིའི་ཕྱིར་ཞེ་ན། དགོན་པ་དང་། ཤིང་དྲུང་ན་གནས་ན་དེ་དག་ཏུ་སྦྱིན་དོན་བྱས་པས། གཙེ་བའི་ཉེས་པ་མེད་པའི་ཕྱིར་རོ་ཞེས་ཟེར
329a7 རོ།། སྦྱངས་པའི་ཡན་ལག་ནི་དུས་ཀྱི་མཐར་ཐུག་པ་ན་དུ་ཞིག་ཅེས་བྱ་བ་ནི་སྦྱངས་པའི་ཡན་ལག་གསུམ་པོ་ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ཉིད་དང་། དུར་ཁྲོད
329a8 པ་ཉིད་ནི་ཟླ་བ་བརྒྱད་ཀྱི་མཐར་ཐུག་པ་སྟེ། དབྱར་ནི་གཡོགས་པར་གནས་པར་བཅོམ་ལྡན་འདས་ཀྱིས་གནང་ངོ་།། ཅི་སྦྱངས་པ་དེ་ཉིད་སྦྱངས་པ་སྨྲ་བ་ཡང་དེ་ཡིན




iiif viewer powered by OpenSeadragon

328b - 329b

Texts on this page

F327 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba