| e-texts navigator |
| Wylie |
328b1 པའི་ཆོས་ནི་དུ་ཞེས་ན། སྦྱངས་པའི་ཆོས་ནི་གཉིས་ཏེ། མ་ཆགས་པ་དང་། གཏི་མུག་མེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཕྱག་དར་ཁྲོད་པ་གང་ཡིན་པ་ནི།
328b2 འདོད་པ་ཆུང་བ་ཉིད་ལ་བརྟན། མཆོག་ཤེས་པ་ཉིད་ལ་བརྟེན། ཡོ་བྱད་བསྙུངས་པ་ཉིད་ལ་བརྟེན། རབ་ཏུ་དབེན་པ་ཉིད་ལ་བརྟེན། འདིས་མཆོག་པ་ཉིད་ལ་བསྟེན་ནས
328b3 ཕྱག་དར་ཁྲོད་པར་འགྱུར་རོ་ཞེས་གསུངས་པར་ལྟ་བུའི། རྣམ་པ་གཅིག་ཏུ་ན་མ་ཆགས་པས་རྗེས་སུ་གནང་བ་ཚང་བར་བརྟེན་པས་འདོད་པའི་བསོད་ནམས་ཀྱི་རྗེས་སུ་བརྩོན་པ
328b4 སླུ་བ་སེལ་ལ། སྦྱངས་པའི་ཡན་ལག་གཏི་མུག་མེད་པས་ནི། ཡོ་བྱད་བསྙུངས་པ་འཚམས་པར་བརྟེན་པས། བདག་ཉིད་དུ་དུབ་པའི་རྗེས་སུ་བརྩོན་པའི་བསླ་བ་སེལ་ཏོ།། དེ་ལྟ།
328b5 བས་ན་སྦྱངས་པའི་ཆོས་ནི་གཉིས་ཏེ། མ་ཆགས་པ་དང་། གཏི་མུག་མེད་པ་ཡིན་ནོ།། དེ་ལ་འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་ཉིད་དང་། རབ་ཏུ་དབེན་པ་ཉིད་ནི
328b6 མ་ཆགས་པ་ཡིན་ནོ།། ཡོ་བྱད་བསྙུངས་པ་ཉིད་དང་། འདིས་མཆོག་པ་ཉིད་ནི་གཏི་མུག་མེད་པ་ཡིན་ནོ།། དེ་ལ་མ་ཆགས་པས་སྤང་བའི་བཞི་བཅུ་གསུལ་ཆགས་པ
328b7 སེལ་ལ། གཏི་མུག་མེད་པས་ནི་གཞི་དེ་དག་ཉིད་ལ་ཉེས་དམིགས་མི་ཤེས་པ་སེལ་ཏོ།། ཡང་ཅི་སྤྱོད་པའི་གང་ཟག་རྣམས་སྦྱངས་པའི་ཡོན་ཏན་བསྟེན་པར་དགའ
328b8 ཞེ་ན། འདོད་ཆགས་སྤྱོད་པ་དང་། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་བསྟན་པར་དགའི་ཞེ་སྡང་སྤྱོད་པ་ནི་མ་ཡིན་ནོ།། ཅིའི་ཕྱིར་འདོད་ཆགས་སྤྱོད་པ་དང་།